འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་19ཉིན།

༄༅༎ཀྲུང་དབྱང་གི“ཐོག་མའི་བསམ་འདུན་མི་བརྗེད་ཅིང་། འགན་འཁྲི་བློ་ལ་བརྟན་པོར་ངེས་པའི”བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གིས་ཁག་དང་པོའི་བརྗོད་དོན་གཙོ་བོའི་སློབ་གསོའི་དཔྱད་དཔོག་ལས་དོན་ལེགས་པོར་བསྒྲུབ་རྒྱུའི་ཐད་བཀོད་སྒྲིག་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་19ཉིན། 13:37】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
    མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་དབྱང་གི“ཐོག་མའི་བསམ་འདུན་མི་བརྗེད་ཅིང་། འགན་འཁྲི་བློ་ལ་བརྟན་པོར་ངེས་པའི”བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གིས《ཁག་དང་པོའི“ཐོག་མའི་བསམ་འདུན་མི་བརྗེད་ཅིང་། འགན་འཁྲི་བློ་ལ་བརྟན་པོར་ངེས་པའི”བརྗོད་དོན་གཙོ་བོའི་སློབ་གསོའི་དཔྱད་དཔོག་ལས་དོན་ལེགས་པོར་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་ནས། ཀྲུང་དབྱང་གི《ཏང་ཡོངས་སུ“ཐོག་མའི་བསམ་འདུན་མི་བརྗེད་ཅིང་། འགན་འཁྲི་བློ་ལ་བརྟན་པོར་ངེས་པའི”བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་གྱི་བསམ་འཆར》གྱི་དགོངས་དོན་ལག་བསྟར་ནན་ཏན་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་གཙོ་རྐང་དེར་དམ་པོར་དམིགས་པ། བརྗོད་དོན་གཙོ་བོའི་སློབ་གསོའི་དམིགས་ཚད་ལས་འགན་དང་གཙོ་གནད་བྱ་ཐབས་ལ་དམིགས་པ་བཅས་བྱས་ནས་ཁག་དང་པོའི་བརྗོད་དོན་གཙོ་བོའི་སློབ་གསོ་དཔྱད་དཔོག་ལས་དོན་ཏན་ཏིག་ངང་ལེགས་པོར་བསྒྲུབ་དགོས་པའི་བླང་བྱ་བཏོན་པ་རེད།  
    བརྡ་ཐོའི་ནང་། བརྗོད་དོན་གཙོ་བོའི་སློབ་གསོའི་དཔྱད་དཔོག་ལས་དོན་སྤེལ་རྒྱུ་ནི“ཐོག་མའི་བསམ་འདུན་སྲུང་བ་དང་། འགན་འཁྲི་འཁུར་བ། ཧེ་བག་འཚོལ་བ། དོན་འཁྱོལ་བཟུང་བའི”སྤྱིའི་བླང་བྱ་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱེད་ཐབས་ཡིན་པ་དང་། སྒོ་ཕྱེ་ནས་སློབ་གསོ་སྤེལ་རྒྱུ་མཐའ་འཁྱོངས་བྱེད་པ་དང་མི་དམངས་མང་ཚོགས་ཀྱི་ལྟ་སྐུལ་རང་རྟོགས་ངང་དང་ལེན་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་ཡིན་ལ། བརྗོད་དོན་གཙོ་བོའི་སློབ་གསོའི་ཉམས་མྱོང་ཕྱོགས་སྡོམ་དང་བརྗོད་བྱ་གཙོ་བོའི་སློབ་གསོའི་ཕན་འབྲས་ལ་ཞིབ་བཤེར་བྱེད་པའི་ལག་ཐབས་གལ་ཆེན་བཅས་ཡིན། བསམ་བློའི་ངོས་འཛིན་གནད་ལ་འཁེལ་བར་དམ་འཛིན་དང་། གནད་དོན་ལ་ལྟ་ཞིབ་གནད་ལ་འཁེལ་བར་དམ་འཛིན། དག་ཐེར་དང་ལེགས་བཅོས་དོན་ཐོག་ཏུ་འཁྱོལ་བར་དམ་འཛིན། རྩ་འཛུགས་དང་འགོ་ཁྲིད་དོན་ཐོག་ཏུ་འཁྱོལ་བ་བཅས་ཀྱི་བླང་བྱ་དམ་འཛིན་བྱས་ཏེ། བརྒྱུད་རིམ་དཔྱད་དཔོག་དང་མཇུག་འབྲས་དཔྱད་དཔོག་ཟུང་འབྲེལ་བྱེད་པ་དང་། མང་ཚོགས་ཀྱིས་གདེང་འཇོག་དང་ལག་ལེན་གྱིས་ཉམས་སད་བྱ་རྒྱུ་རྒྱུན་འཁྱོངས། ལྷག་པར་དུ་གནད་དོན་དངོས་ཐག་གཅོད་བྱས་པའི་ཕན་འབྲས་དེ་ཚད་འཇལ་ཚད་གཞིར་བཟུང་བ་བཅས་བྱས་ནས་དཔྱད་དཔོག་བྱས་འབྲས་དོན་དངོས་དང་མཐུན་ཞིང་བདེན་པ་ཡོང་བའི་འགན་ལེན་ཏན་ཏིག་བྱ་དགོས་ཞེས་བཏོན་ཡོད།
    བརྡ་ཐོའི་ནང་། དཔྱད་དཔོག་ལས་དོན་དེ་གཙོ་བོ་ཀྲུང་དབྱང་མཛུབ་སྟོན་ཚོགས་ཆུང་དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ལས་རིགས་ཁག་གི་ཁོངས་གཏོགས་སྐོར་སྐྱོད་མཛུབ་སྟོན་ཚོགས་ཆུང་གིས་ཞིབ་ཕྲའི་སྒྲིག་འཛུགས་ལག་བསྟར་བྱེད་དགོས་པ་དང་། སློབ་སྦྱོང་སློབ་གསོ་དང་། བརྟག་དཔྱད་ཞིབ་འཇུག གནད་དོན་ཞིབ་བཤེར། དག་ཐེར་དོན་འཁྱོལ། རྩ་འཛུགས་འགོ་ཁྲིད་སོགས་ཀྱི་ཐད་རྒྱུན་གཏན་གྱི་ལྟ་སྐུལ་མཛུབ་ཁྲིད་དང་། གནས་ཚུལ་དངོས་ཁོང་དུ་ཆུད་པར་བྱེད་པའི་རྨང་གཞིའི་ཐོག་བསམ་འཆར་རྒྱ་ཁྱབ་ངང་ཉན་པ་དང་སྐབས་བསྟུན་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་ཏང་ཡོན་དང་མང་ཚོགས་ཀྱི་གདེང་འཇོག་ཤེས་རྟོགས་བྱས་ནས་ཕྱོགས་བསྡུས་དཔྱད་གཅོད་དང་ཕྱོགས་ཡོངས་ནས་དཔྱད་དཔོག་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་དང་། ས་ཁུལ་ཁག་དང་སྡེ་ཚན་ཁག་དང་ཚན་པ་ཁག་གིས་བརྡ་ཐོའི་བླང་བྱ་གཞིར་བཟུང་ཐིང་ཅུས་རིམ་པ་དང་དེ་ཡན་གྱི་འགོ་ཁྲིད་ཚན་ཁག་ཚན་པ་བྱས་ནས་རང་བཤེར་དཔྱད་དཔོག་བྱ་དགོས་པའི་བླང་བྱ་བཏོན་ཡོད།