འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་19ཉིན།

༄༅།།ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་གྱིས་ཀྲུང་གོའི་དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་འགྲོ་
བཞིན་ཡོད་ཅེས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་19ཉིན། 10:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས། ཉེ་ཆར་འཚོགས་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག འདི་ལོའི་ལོ་སྟོད་དུ་ཀྲུང་གོའི་དཔལ་འབྱོར་འཁོར་རྒྱུག་སྤྱི་ཡོངས་བརྟན་ལ་བརྟན་ཐོག་ཡར་འཕེལ་གྱི་འཕེལ་ཕྱོགས་མངོན་བཞིན་ཡོད། ཚོགས་འདུའི་ཐོག་ད་དུང་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུར་དོན་སྙིང་གལ་ཆེན་ཡིན་ལུགས་ནན་བཤད་བྱས་པ་རེད། འཛམ་གླིང་གི་དཔལ་འབྱོར་འཕར་ཚད་ཆག་པའི་གནོན་ཤུགས་དང་། ཉེན་ཁ་དང་འགྲན་སློང་མང་དུ་འགྲོ་བའི་རྒྱབ་ལྗོངས་འོག ཀྲུང་གོའི་དཔལ་འབྱོར་བརྟན་པོའི་ངང་འཁོར་རྒྱུག་འགྲོ་བའི་རྣམ་པ་བཟང་པོར་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་གྱིས་གྲོས་བསྡུར་ཟབ་མོ་བྱས་པ་དང་། ཀྲུང་གོའི་དཔལ་འབྱོར་ལ་གཏིང་ཤུགས་ཧ་ཅང་ཆེན་པོ་དང་མཉེན་ཤུགས་ཆེན་པོ་ལྡན་པ་དེར། རྒྱལ་སྤྱིའི་ལྟ་ཞིབ་པས་ཐུན་མོང་ཐོག་ལྟ་སྟངས་ཡག་པོ་འཛིན་ཡོད།
     ཨ་རིའི་ཀུའེ་ཀུ་ཡི་གྲགས་ཅན་གྱི་ལྷའི་ཕོ་ཉའི་མ་འཇོག་མཁན་ཧྲི་ཏི་ཧྥུ·ཧོ་ཧྥུ་མན་གྱིས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལྗོངས་ཧ་ཅང་ཡག་པོ་ཡོད་པའི་ངོས་འཛིན་བྱེད་ཅིང་། ཁོང་གིས་ཀྲུང་གོའི་དཔལ་འབྱོར་སྲིད་ཇུས་ཀྱིས་ནུས་པ་ཧ་ཅང་གལ་ཆེན་ཐོན་གྱི་ཡོད་པ་དང་། དེས་འཛམ་གླིང་གི་དཔལ་འབྱོར་ལ་ཤུགས་རྐྱེན་བཟང་པོ་ཐེབས་རྒྱུ་རེད་ཅེས་བཤད་པ་རེད།
     ཨེ་ཅིབ་ཀྱི་ཀྲུང་ཨེ་ཚོང་ཚོགས་ཀྱི་ཀྲུའུ་ཞི་ཏི་ཡ·ཧྥ་ཅིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོ་ནི་སྟོབས་ཆེ་ལ་དཔལ་འབྱོར་གྱི་དངོས་ཚན་གལ་ཆེན་ཞིག་རེད། ཀྲུང་གོས་ལག་ལེན་བསྟར་བའི་མཉམ་ལས་གཉིས་ཕན་གྱི་རྩ་དོན་གྱིས། འཛམ་གླིང་དཔལ་འབྱོར་ལ་སྣེ་ཁྲིད་བྱེད་ནུས་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད་ཅེས་བཤད་པ་རེད།
    སོ་ཏི་ཨ་རབ་ཀྱི་ཇུས་འདོན་ཚོགས་པའི་མཚོ་ཁུག་ཞིབ་འཇུག་ལྟེ་གནས་ཀྱི་དབུ་བཞུགས་དཔལ་འབྱོར་རིགས་གཅིག་མཁས་ཅན་གཡོད་ཧན·སི་ཧྥ་ཅི་ཡ་ན་ཅི་སིས། དཔལ་འབྱོར་གྱི་གྲུབ་ཆ་ལེགས་སྒྲིག་རིམ་སྤོར་དང་ཕྱི་ཕྱོགས་སྒོ་དབྱེ་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ་དང་བསྟུན་ནས། ཀྲུང་གོའི་དཔལ་འབྱོར་ལ་འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེན་པོ་མངོན་པ་དང་། མདུན་ལམ་ཧ་ཅང་ཡངས་པོ་ཡོད་ཅེས་བཤད་པ་རེད།
    ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱིས་འཛམ་གླིང་ལ་ལེགས་སྐྱེས་འབུལ་བའི་སྐོར་གླེང་སྐབས། སི་ཧྥ་ཅི་ཡ་ན་ཅི་སིས། ཀྲུང་གོས་དུས་ཐུང་ལོ་40ཡི་དུས་ཚོད་སྤྱད་དེ་མི་འབོར་དུང་ཕྱུར་དབུལ་ཕོངས་ཀྱི་གནས་ལས་སྒྲོལ་བ་དང་། དཔལ་འབྱོར་ཐད་ཐོབ་པའི་གྲུབ་འབྲས་ལ་འཛམ་གླིང་སྐྱེ་བོ་ཀུན་གྱི་དོ་ཁུར་ཐོབ་ཡོད་ཅེས་བཤད་པ་རེད།
    ཁེན་ནི་ཡའི་རྒྱལ་སྤྱིའི་གནད་དོན་གྱི་རིགས་གཅིག་མཁས་ཅན་ཨའེ་ཏེ་ཧོ་ལེ·ཨ་ཝུན་སིས། གྲོས་བསྡུར་དང་ལག་ལེན་ཤུགས་ཆེན་བསྟར་རྒྱུ་ནི་ཀྲུང་གོའི་དཔལ་འབྱོར་གྲུབ་འབྲས་ཐོབ་པའི་ངང་ཕྱོགས་སྒྱུར་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་པ་དང་། ཀྲུང་གོའི་འཕེལ་རྒྱས་གཏོང་སྟངས་ཀྱིས་གོ་ལ་ཧྲིལ་པོར་དབུལ་ཕོངས་གཙང་སེལ་དང་དཔལ་འབྱོར་ཕྱོགས་སྒྱུར་ལ་དཔེ་མཚོན་བཏོད་ཡོད་ཅེས་བཤད་པ་རེད།