འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་19ཉིན།

༄༅།།ཀོང་ཤིས་རུང་ཨན་གྱི་ཡུལ་གཞན་དུ་གནས་སྤོའི་ཁུལ་ཆུང་གི་ཕྲུ་གུ་ཚོའི་ཕུན་སུམ་ཚོགས་པའི་
གུང་གསེང་།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་19ཉིན། 10:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     དབྱར་ཁའི་གུང་གསེང་རིང་། ཀོང་ཤིས་ལིའུ་ཀྲོའུ་གྲོང་ཁྱེར་རུང་ཨན་རྫོང་གི་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་བཀོད་སྒྲིག་ཁུལ་ཆུང“ཕ་ཡུལ་གཅིག་པའི་སྡོད་གནས”སུ། ཕུན་སུམ་ཚོགས་པའི་གུང་གསེང་གི་སྤྱི་ཕན་གསོ་སྦྱོང་འཛིན་གྲྭ་བཙུགས་ནས་སློབ་ཁྲིད་དགེ་རྒན་གྱིས་ཕྲུ་གུ་ཚོར་སློབ་ཚན་ཟུར་ཁྲིད་བྱེད་པ་ཕུད། ད་དུང་རི་མོ་དང་ཞབས་བྲོ། རོལ་དབྱངས་སོགས་ཀྱི་དགའ་ཕྱོགས་སློབ་ཚན་འཚོགས་ནས་ཕྲུ་གུ་ཚོའི་གུང་གསེང་གི་འཚོ་བ་ཕུན་སུམ་ཚོགས་སུ་བཏང་ཞིང་། འདི་ནི་ཟླ་8ཚེས་17ཉིན། ཀོང་ཤིས་ལིའུ་ཀྲོའུ་གྲོང་ཁྱེར་རུང་ཨན་རྫོང་གི“ཕ་ཡུལ་གཅིག་པའི་སྡོད་གནས”ཀྱི་ལུའོ་ཤའོ་ཡུན(གཡས)གྱིས་ཕུན་སུམ་ཚོགས་པའི་གུང་གསེང་གི་སྤྱི་ཕན་གསོ་སྦྱོང་འཛིན་གྲྭར་དགའ་ཕྱོགས་ཀྱི་ཨང་རྩིས་སློབ་སྦྱོང་བྱེད་བཞིན་ཡོད་ཅིང་། ལུའོ་ཤའོ་ཡུན་ནི་རུང་ཨན་རྫོང་ཡ་ཏའོ་ཤང་གི་གྲོང་གསེབ་ནས་ཡིན་པ་དང་། འདི་ལོ་ནང་མི་དང་མཉམ་དུ་གནས་སྤོའི་བཀོད་སྒྲིག་ཁུལ་ཆུང་དུ་སྤོས་པ་རེད།