འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་19ཉིན།

༄༅།།རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱི་རྩལ་ནུས་འགྲན་བསྡུར་ཆེ་མོ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་19ཉིན། 10:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ཧྲེན་ཀྲེན་ནས་ཟླ་8ཚེས་17ཉིན་གློག་འཕྲིན་འབྱོར་གསལ། འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱི་རྩལ་ནུས་མཐོ་བའི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་ཆེད། ཚེས་16ཉིན། ཧྲེན་ཀྲེན་དུ་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་མི་སྤྱི་པུའུ། ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་སོགས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པའི་2019ལོའི་ཀྲུང་གོའི་རྩལ་ནུས་འགྲན་བསྡུར་ཆེ་མོ་སྟེ། རྒྱལ་ཡོངས་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱི་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་བཅུ་གཅིག་པ་འགོ་ཚུགས་པ་རེད།
     འགྲན་བསྡུར་ཆེ་མོའི་སྒྲིག་འཛུགས་ཨུ་ལྷན་གྱི་ལག་བསྟར་ཀྲུའུ་རེན་གཞོན་པ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་མི་དོན་སློབ་གསོ་སིའི་སི་ཀྲང་གཞོན་པ་ཝང་ཐའོ་ཡིས། ལས་རིགས་རྩལ་ནུས་འགྲན་བསྡུར་ཆེ་མོ་ནི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱི་རྩལ་ནུས་མཐོ་བའི་ཤེས་ལྡན་པ་སྐྱེད་སྲིང་དང་འདེམས་སྒྲུག་གི་ལས་སྟེགས་གལ་ཆེན་ཡིན་པའི་ངོས་ནས་དམིགས་བསལ་གྱི་ནུས་པ་བཏོན་ཡོད། རིམ་ཁག་འགྲིམ་འགྲུལ་སྐྱེལ་འདྲེན་གཙོ་གཉེར་སྡེ་ཚན་དང་འབྲེལ་ཡོད་ལས་ཁུངས་ཀྱིས་རྩལ་ནུས་མཐོ་བའི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས། གྲངས་འབོར་འདང་ངེས་དང་། གྲུབ་ཆ་ལུགས་མཐུན། བྱང་ཚད་མཐོ་བ། ལག་རྩལ་བྱང་ཆུབ་པ་བཅས་ཀྱི་རྩལ་ནུས་མཐོ་བའི་ཤེས་ལྡན་པའི་དཔུང་ཁག་སྐྱེད་སྲིད་གང་མགྱོགས་བྱས་ཁར། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཕྱོགས་སྒྱུར་རིམ་སྤོར་དང་སྤུས་འབྲས་ལེགས་གཏོང་ལ་སྐུལ་མ་གཏོང་ཆེད། བྱང་ཚད་མཐོ་བའི་མི་ཤུགས་ཐོན་ཁུངས་ཀྱི་འགན་སྲུང་མཁོ་འདོན་བྱ་རྒྱུའི་རེ་བ་ཡོད་ཅེས་བརྗོད།