འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་19ཉིན།

༄༅༎ཅེ་ལུང་ཨང་དང་པོ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་འཕུར་སྐྱོད་ཐོག་མ་ལེགས་གྲུབ་བྱུང་བ།

བོངས་ཚད་ཆུང་ཤོས་དང་ལྗིད་ཚད་ཡང་ཤོས་ཡིན་ཡང་ནུས་པ་ཆེན་པོ་ལྡན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་19ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་8ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་17ཉིན་གྱི་ཆུ་ཚོད་12དང་སྐར་མ་11ཐོག རང་རྒྱལ་གྱིས་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་ཅེ་ལུང་ཨང་དང་པོ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ“མེ་ཤུགས་འཕུར་མདའ་གཅིག་དང་སྲུང་སྐར་གསུམ”གྱི་བྱ་ཐབས་བརྒྱུད“ཆན་ཁྲེང་ཨང་དང་པོ་རྟགས་ཅན་གྱི་སྲུང་སྐར་01”དང“སྲུང་སྐར་དུས་རབས—5”སྲུང་སྐར་དང“ཐེན་ཅི་ཨང་གཉིས་པ་རྟགས་ཅན”བཅས་སྲུང་སྐར་མཁའ་དབྱིངས་སུ་འཕེན་གཏོང་བྱས་པ་དེ་དག་སྔོན་གཏན་འཁེལ་བའི་འཁོར་ལམ་ཐོག་བདེ་བླག་ངང་བསྐྱོད་ཐུབ་པ་བྱུང་ཡོད།
     རང་རྒྱལ་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་གྲས་ཀྱི་ཐོན་རྫས་གསར་ཤོས་ཤིག་ཡིན་པའི་ངོས་ནས། ཅེ་ལུང་ཨང་དང་པོ་རྟགས་ཅན་ནི་མིག་སྔར་རང་རྒྱལ་གྱི་སྲ་གཟུགས་མེ་ཤུགས་འཕུར་མདའི་ནང་གི་བོངས་ཚད་ཆུང་ཤོས་དང་ལྗིད་ཚད་ཡང་ཤོས་ཀྱི་མེ་ཤུགས་འཕུར་མདའ་ཞིག་ཡིན་ཡང་སྐྱེལ་འདྲེན་ནུས་པ་ཧ་ཅང་ཆེན་པོ་ལྡན་ཡོད་པ་དང་། དེར“སྤུས་གོང་བསྡུར་ཚད་མཐོ་བ་དང་། བློས་འགེལ་རང་བཞིན་ཆེ་བ། ཁ་ཆད་ལག་བསྟར་བྱེད་མགྱོགས་པ། འཕེན་གཏོང་བྱེད་མགྱོགས་པ་བཅས་ཀྱི”ཁྱད་ཆོས་ལྡན་ཡོད། ཅེ་ལུང་ཨང་དང་པོ་རྟགས་ཅན་གྱིས་འཕེན་གཏོང་ཞབས་ཞུའི་ཁ་ཆད་ལག་བསྟར་དུས་འཁོར་ཐུང་དུ་བཏང་བ་དང་སྤྱོད་མཁན་དང་གན་རྒྱ་བཞག་རྗེས་ཀྱི་ཟླ་6ཙམ་ནང་འཕེན་གཏོང་ལག་བསྟར་བྱེད་ཆོག མེ་ཤུགས་འཕུར་མདའ་གཞན་གྱི་ཁ་ཆད་ལག་བསྟར་དུས་ཚོད་ལས་ཧ་ཅང་ཐུང་བ་ཡོད་པ་དང་། འཕེན་གཏོང་གྲ་སྒྲིག་གི་བརྒྱུད་རིམ་ལེགས་སུ་བཏང་ནས་འཕེན་གཏོང་བྱ་ཡུལ་དུ་སྐྱེལ་འདྲེན་བྱས་རྗེས་ཆུ་ཚོད་24ཡི་ནང་ཚུན་དུ་མགྱོགས་མྱུར་འཕེན་གཏོང་བྱེད་ཐུབ་ཀྱི་ཡོད་པ་རེད།