འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་16ཉིན།

༄༅།།བོད་སྐད་གློག་བརྙན་《ལྒང་བུ》ཏོ་རོན་ཏོ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ལ་ཚུད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་16ཉིན། 13:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་14ཉིན། ཁ་ན་ཏའི་ས་གནས་ཀྱི་དུས་ཚོད་ཟླ་8ཚེས་13ཉིན། ཏོ་རོན་ཏོ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་44པའི་མིང་ཐོ་ཡོངས་བསྒྲགས་བྱས། ཀྲུང་གོའི་བོད་རིགས་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་འཁྲབ་ཁྲིད་བྱས་པའི་བརྩམས་ཆོས་གསར་པ《ལྒང་བུ》“དེང་རབས་འཛམ་གླིང་གློག་བརྙན”སྡེ་ཚན་དུ་ཚུད་ཡོད་པ་མ་ཟད། ཟླ་9པའི་ཟླ་མགོ་ལ་མེ་གླིང་བྱང་མ་ནས་སྟོན་རྒྱུ་རེད།
    པདྨ་ཚེ་བརྟན་གྱིས་དེ་སྔའི་བརྩམས་ཆོས་དང་འདྲ་བར། 《ལྒང་བུ》ནི་ཀྲུང་གོའི་བོད་ཁུལ་དུ་བྱུང་བའི་དོན་དག་སྟེ། གློག་བརྙན་ནང་དུ་གཙོ་འཁྲབ་པ་དར་རྒྱས་ཚང་དུ་སྦྲུམ་འགོག་ཤུབས་ཤིག་བྱུང་བས་ངོ་སྐྱེངས་བ་དང་གདམ་ཀ་བྱེད་དཀའ་བའི་དོན་དག་རབ་དང་རིམ་པ་བྱུང་ཞིང་། ལར་ལྷིང་འཇགས་རྒྱུན་ལྡན་གྱི་འཚོ་བ་དེ་རྩ་བ་ནས་གཏོར་བའི་གཏམ་རྒྱུད་ཅིག་བརྗོད་ཡོད།
“རྣམ་ཤེས་ལ་དོན་དངོས་ཀྱིས་འགྲན་སློང་བྱེད་དུས། ཇི་ལྟར་གདམ་ཀ་བྱ།”པདྨ་ཚེ་བརྟན་གྱིས། ཁོང་གིས་གཏམ་རྒྱུད་འདིའི་ནང་དུ་དེང་སྐབས་ཀྱི་མི་རྣམས་ལ་འཕྲད་བཞིན་པའི་དཀའ་ངལ་དེ་ཅི་ནུས་ཀྱིས་བརྗོད་ཡོད་པ་བསྟན།
     ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་བོད་སྐད་གློག་བརྙན་《ལྒང་བུ》བའི་འཁྲབ་སྟོན་པའི་ནང་། བསོད་ནམས་དབང་མོ་དང་སྦྱིན་པ། གཡང་ཕྱུག་མཚོ་སོགས་པདྨ་ཚེ་བརྟན་དང་ཐེངས་མང་པོར་མཉམ་ལས་བྱས་པའི་བོད་ཁུལ་གྱི་འཁྲབ་སྟོན་པ་དག་འདུས་ཤིང་། གློག་བརྙན《ཐར་ལོ》ཡི་གཙོ་འཁྲབ་པ་ཞི་བདེ་ཉི་མས་ཀྱང་གློག་བརྙན་དེའི་ནང་དམིགས་བསལ་འཁྲབ་སྟོན་བྱས་ཡོད།
     ཤེས་རྟོགས་བྱུང་བར་གཞིགས་ན། བོད་སྐད་གློག་བརྙན《ལྒང་བུ》འདིའི་སྔོན་དུ་ཝེ་ཉི་སི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་“གནམ་ས་འབྲེལ་མཚམས་”གྱི་འགྲན་བསྡུར་སྡེ་ཚན་ནང་ཚུད་ཡོད་པ་མ་ཟད། ད་དུང་ཆུ་ཐོག་གྲོང་ཁྱེར་ཝེ་ཉི་སི་རུ་ཐོག་མའི་གཟིགས་སྟོན་འབུལ་རྒྱུ་དང་བྱ་དགའ་གལ་ཆེན་ལ་འགྲན་རྩོད་བྱ་རྒྱུ་རེད།