འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་16ཉིན།

༄༅༎ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཨ་རི་ཕྱོགས་ཀྱི་འབྲེལ་ཡོད་གཏམ་བརྗོད་ཐད་གསར་འགོད་པའི་དྲི་བར་ལན་བསྐྱོན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་16ཉིན། 12:49】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
    མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་15ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་ཨ་རི་ཕྱོགས་ཀྱི་འབྲེལ་ཡོད་གཏམ་བརྗོད་ཐད་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད།
    གསར་འགོད་པ་ཞིག་གིས། ཚེས་14ཉིན། ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་ཡིས་ཐུའེ་ཐེ་ཐོག་ཏུ། ཀྲུང་གོས་ཚོང་དོན་གྲོས་མཐུན་འཇོག་འདོད་ཡོད་པ་སྨོས་མེད་རེད། དེའི་སྔོན་ལ་ཁོ་ཚོ་ལ་མི་ཆོས་ཀྱི་སྒོ་ནས་ཤང་ཀང་ལ་ཁ་གཏད་འཇལ་དུ་ཆུགས་ཞེས་དང་།ཁོས་ད་དུང་ཀྲུང་གོའི་མགོ་ཁྲིད་དང་ཐུག་འཕྲད་བྱ་སྲིད་ཅེས་གླེང་བ་རེད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས་པར།
    ཧྭ་ཁྲུན་ཡིང་གིས་ཤང་ཀང་གི་ལས་དོན་ནི་ཀྲུང་གོའི་ནང་སྲིད་རང་རེད། ང་ཚོས་དོ་སྣང་བྱུང་བ་ཞིག་ནི། ཙུང་ཐུང་ཐེ་རོན་ཕུའུ་ཡིས་ཀྱང་དེ་གོང“ཤང་ཀང་ནི་ཀྲུང་གོའི་ཆ་ཤས་ཤིག་ཡིན་པས་ཁོང་ཚོས་ངེས་པར་དུ་རང་ཉིད་ཀྱིས་ཐག་གཅོད་བྱེད་དགོས་པ་ལས་གྲོས་འགོ་འདོན་མི་དགོས”ཞེས་བརྗོད་མྱོང་ཡོད། ང་ཚོས་ཨ་རི་ཕྱོགས་ཀྱིས་ཁ་བཤད་ཚིག་ལ་གནས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད།
    ཁོ་མོས་ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཨའི་དཔལ་འབྱོར་ཚོང་དོན་གྲོས་མོལ་ལ་བཟུང་བའི་ལངས་ཕྱོགས་ནི་ཐོག་མཐའ་བར་གསུམ་དུ་གསལ་པོ་ཡིན་ཞིང་། ང་ཚོས་ཨ་རི་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཨོ་ས་ཁའི་ཐུག་འཕྲད་ཀྱི་ཐུན་མོང་ངོས་འཛིན་དོན་འཁྱོལ་བྱས་ཏེ་འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་གི་རྨང་གཞིའི་ཐོག་སྐད་ཆ་ཤོད་རེས་དང་གྲོས་མོལ་བྱས་པ་བརྒྱུད། ཕན་ཚུན་ཚང་མས་དང་ལེན་ཐུབ་པའི་ཐག་གཅོད་བྱེད་ཐབས་འཚོལ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།
    ཧྭ་ཁྲུན་ཡིང་གིས་ཀྲུང་གོ་དང་ཨ་རིའི་མཐོ་རིམ་དབར་གྱི་འགྲོ་འོང་ཐད་ཀྲུང་གོ་དང་ཨ་རིའི་གཙོ་བདག་གིས་ཐོག་མཐའ་བར་གསུམ་དུ་ཐུག་འཕྲད་དང་། ཁ་པར་གཏོང་རེས། འཕྲིན་གཏོང་སོགས་ཀྱི་བྱེད་ཐབས་བརྒྱུད་འབྲེལ་གཏུག་རྒྱུན་འཁྱོངས་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།