འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་16ཉིན།

ཧྲའན་ཤིས་ཀྲའོ་ཅིན་གྱི་པེ་ལེའང་དམར་དམག་སློབ་ཆུང་། 

༄༅༎གསར་བརྗེའི་ས་བོན་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་16ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་ཕྲུ་གུ་ཚོ་ཀྲའོ་ཅིན་གྲོང་རྡལ་པེ་ལེའང་དམར་དམག་སློབ་ཆུང་དུ་དགའ་སྤྲོའི་ངང་འཚར་ལོངས་ཡོང་བཞིན་པ།
འདི་ནི་ཕྲུ་གུ་ཚོ་ཀྲའོ་ཅིན་གྲོང་རྡལ་པེ་ལེའང་དམར་དམག་སློབ་ཆུང་དུ་དགའ་སྤྲོའི་ངང་འཚར་ལོངས་ཡོང་བཞིན་པ།
     ■ གྲོང་ཚོའི་རྒན་རྒོན་ཚོས་རྟག་ཏུ་ང་ཚོར་ཀྲའོ་ཅིན་གྱི་གསར་བརྗེའི་ལོ་རྒྱུས་བརྗོད་ཀྱི་ཡོད། གསར་བརྗེའི་ས་གཞི་དེ་ནི་ཁྱེད་ཚོས་སྤོབས་པ་བྱེད་འོས་པའི་ས་གཞི་ཞིག་ཡིན། ཁྱེད་ཚོས་ཀྲུང་གོའི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་ལོ་རྒྱུས་ཤེས་བྱ་ཤེས་རྟོགས་མང་ཙམ་བྱེད་པ་དང་། དཔའ་བོ་དཔེ་བཟང་མི་སྣར་སློབ་སྦྱོང་མང་ཙམ་བྱེད་པ། ཏང་དང་། མེས་རྒྱལ། མི་དམངས་བཅས་ལ་དགའ་ཞེན་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་གསར་བརྗེའི་ས་སོན་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པར་བྱ་རྒྱུའི་རེ་བ་ཡོད།
     ཁྱེད་ཚོས་ཤོད་དང་། ད་ཆའི་བདེ་སྐྱིད་འཚོ་བ་ནི་ལས་སླ་པོར་བྱུང་བ་ཞིག་མིན་ཞེས་པའི་སྐད་ཆ་དེ་ཧ་ཅང་ཡག་པོ་བརྗོད་འདུག ཁྱེད་ཚོས་བཀའ་དྲིན་ཚོར་སེམས་ཐོག་ནས་དུས་ཚོད་དམ་འཛིན་གྱིས་སློབ་སྦྱོང་ལ་འབད་བརྩོན་བྱས་ཏེ་འབྱུང་འགྱུར་རྒྱལ་ཁབ་དང་། མི་དམངས། སྤྱི་ཚོགས་བཅས་ལ་ཕན་པའི་མི་ཞིག་བྱ་རྒྱུའི་རེ་བ་ཡོད།
     —— ཞི་ཅིན་ཕིང་གིས།
     “ང་ཚོས་སྤོ་བོ་ཞི་ཅིན་ཕིང་ལགས་ལ་འཕྲིན་ཡིག་ཅིག་སྤྲིངས་ན་ཡག་པོ་འདུག”
     “སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་མགྱོགས་པོ་འདི་འདྲ་འབྱོར་བ་ང་ཚོའི་བསམ་ཡུལ་ལས་འདས་སོང”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲིན་ལན་བསྐུར་གནང་བའི་གནས་ཚུལ་དྲན་གསོ་བྱེད་སྐབས་ཧྲའན་ཤིས་ཞིང་ཆེན་ཐུང་ཁྲོན་གྲོང་ཁྱེར་ཡའོ་ཀྲོའུ་ཆུས་ཀྲའོ་ཅིན་གྲོང་རྡལ་གྱི་པེ་ལེའང་དམར་དམག་སློབ་ཆུང་གི་དགེ་སློབ་ཚོར་སྔར་བཞིན་སེམས་འགུལ་ཚད་མེད་ཐེབས་ཀྱི་ཡོད།
     2018ལོའི་ཟླ་5པར་ཕྲུ་གུ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས་གསར་བརྗེའི་ལོ་རྒྱུས་སློབ་སྦྱོང་བྱས་པའི་མྱོང་ཚོར་དང་སློབ་གྲྭ་འཕེལ་རྒྱས་ཕྱིན་ནས་འགྱུར་ལྡོག་བྱུང་བའི་གནས་ཚུལ་སྙན་སེང་ཞུས་ཤིང་། གཟའ་འཁོར་གཅིག་གི་རྗེས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་གྲོགས་ཚོར་འཕྲིན་ལན་སྤྲིངས་གནང་སྟེ། ཁོང་ཚོར་དུས་ཚོད་དམ་འཛིན་གྱིས་སློབ་སྦྱོང་ཡག་པོ་བྱས་ནས་འབྱུང་འགྱུར་རྒྱལ་ཁབ་དང་། མི་དམངས། སྤྱི་ཚོགས་བཅས་ལ་ཕན་པའི་མི་ཞིག་བྱེད་དགོས་པའི་སྐུལ་ལྕག་གནང་ཡོད།
     ཀྲའོ་ཅིན་ནི་ཧྲའན་ཀན་མཐའ་ཁུལ་གྱི་གསར་བརྗེའི་རྟེན་གཞིའི་ཁུལ་གྱི་ལྟེ་གནས་ཤིག་ཡིན། དུས་རབས་གོང་མའི་ལོ་རབས་སུམ་ཅུ་པར་ལིའུ་ཀྲེ་ཏན་དང་། ཞེ་ཙེ་ཁྲང་། ཞི་ཀྲུང་ཤུན་སོགས་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་མཁས་ཅན་རྒན་རབས་པ་ཚོས་ནུབ་བྱང་ས་ཁུལ་གྱི་རི་ཁུལ་དུ་གསར་བརྗེའི་རྟེན་གཞིའི་ཁུལ་དང་པོ་སྟེ་ཧྲའན་ཀན་མཐའ་ཁུལ་གྱི་ཀྲའོ་ཅིན་གྱི་གསར་བརྗེའི་རྟེན་གཞིའི་ཁུལ་བཙུགས་ཤིང་། ཐོག་མར་1955ལོའི་པེ་ལེའང་དམར་དམག་སློབ་ཆུང་དུ་བཙུགས་པ་དང་དེ་སྔོན་གྱི་གནས་ཡུལ་ནི་པེ་ལེའང་གྲོང་ཚོའི་ཁྲེན་ཅ་ཕོ་ཚོགས་འདུ་འཚོགས་ཡུལ་རྙིང་པའི་ཉེ་འཁོར་དུ་ཡོད།
     2000ལོའི་ཟླ་6པར་བློ་མཐུན་ཞི་ཀྲུང་ཤུན་གྱི་སྐུ་ཟླ་ཆི་ཤིན་ཀྲའོ་ཅིན་དུ་ཕེབས་ཤིང་། པེ་ལེའང་དམར་དམག་སློབ་ཆུང་གི་སློབ་ཁང་ཐབས་ཆག་ཡིན་པའི་ཁར་སྒྲིག་བཀོད་ཀྱང་རྙིང་ཧྲུལ་ཡིན་པ་གཟིགས་རྗེས་ཁོང་གིས་ནང་མི་ཚང་མ་སྐུལ་སློང་གནང་སྟེ་ཞལ་འདེབས་སྒོར་ཁྲི་15བསྐྱོན་ཏེ་པེ་ལེའང་དམར་དམག་སློབ་ཆུང་ས་ཆ་གཞན་དུ་སྤོས་ནས་བསྐྱར་སྐྲུན་གནང་ཡོད།
     2001ལོར་ཧོ་ཤིན་ཁྲུན་པེ་ལེའང་དམར་དམག་སློབ་ཆུང་དུ་སློབ་སྤྱི་བྱེད་པར་མངགས་པ་དང་ཁོང་གིས་སློབ་གྲྭ་གསར་པ་བསྐྲུན་རྒྱུའི་འགན་འཁུར་ཡོད། “སྐབས་དེར་བགྲེས་སོང་ཆི་ཤིན་ལགས་ཀྱི་ཞལ་འདེབས་དངུལ་དེས་ཕན་ཆེན་པོ་ཐོགས་བྱུང་། དེ་ལས་པེ་ལེའང་དམར་དམག་སློབ་ཆུང་གི་སྐྱེ་སྟོབས་སླར་ཡང་འབར་སོང”ཧོ་ཤིན་ཁྲུན་གྱིས་དེ་རྗེས་ཀྱི་ལོ་10ལྷག་ཙམ་རིང་ཏང་ཨུད་དང་། སྲིད་གཞུང་། སྤྱི་ཚོགས་ལས་རིགས་ཁག་བཅས་ཀྱི་སེམས་ཁུར་དང་རྒྱབ་སྐྱོར་འོག སློབ་གྲྭའི་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་སོང་ཞེས་ངོ་སྤྲོད་བྱས།
     “སློབ་གྲྭར་འགྱུར་ལྡོག་ཆེན་པོ་དེ་འདྲ་བྱུང་བས། ང་ཚོས་སྤོ་བོ་ཞི་ཅིན་ཕིང་ལགས་ལ་འཕྲིན་ཡིག་ཅིག་སྤྲིངས་ནས་སྙན་སེང་ཞུས་ན་ཡག་པོ་འདུག” 2018ལོའི་ཟླ་5པའི་ཟླ་དཀྱིལ་དུ། པེ་ལེའང་དམར་དམག་སློབ་ཆུང་གི་ལོ་རིམ་གཉིས་པ་དང་གསུམ་པའི་ཕྲུ་གུ་ཚོར་འཕྲིན་ཡིག་ཅིག་སྤྲིངས་རྒྱུའི་བསམ་ཚུལ་འཆར། འཕྲིན་ཡིག་ནང་། “སྤོ་བོ་ཞི་ཅིན་ཕིང་ལགས། ཁྱེད་ཀྱིས་མཁྱེན་ནམ། ད་ལྟ་ང་ཚོའི་སློབ་གྲྭ་དངོས་འབྲེལ་མཛེས་པོ་ཡོད་པ་མ་ཟད། ང་ཚོའི་སློབ་གྲྭ་འདི་ཉིད་ལོ་དྲུག་ལམ་ལུགས་ཀྱི་ཆ་ཚང་སློབ་ཆུང་ཞིག་ཏུ་སླར་གསོ་ཡང་བྱུང་སོང་། དེས་ན་རྗེས་སུ་ང་ཚོ་ལོ་རིམ་བཞི་པར་སླེབས་སྐབས་ཐག་རིང་པོར་འགྲོ་དགོས་མི་འདུག……”ཅེས་བྲིས་ཡོད།
     “སྤོ་བོ་ཞི་ཅིན་ཕིང་ལགས་མཛད་བྲེལ་ཆེན་པོ་ཡོད་པས། ང་ཚོའི་འཕྲིན་ཡིག་ཁོང་གིས་གཟིགས་ཀྱི་རེད་དམ། སྤོ་བོ་ཞི་ཅིན་ཕིང་ལགས་ཀྱིས་ང་ཚོར་འཕྲིན་ལན་སྤྲིངས་སམ”ཞེས་ཕྲུ་གུ་ཚོར་དོགས་འཆར་སྐྱེས།
     བསམ་ཡུལ་ལས་འདས་པར། གཟའ་འཁོར་གཅིག་གི་རྗེས་ཏེ། ཟླ་5ཚེས་30ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་འབྱོར།
     “ཁྱེད་ཚོའི་འཕྲིན་ཡིག་འབྱོར་བྱུང་། དེ་མཐོང་རྗེས་ཧ་ཅང་དགའ་པོ་བྱུང”ཞེས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲིན་ལན་ནང“ཁྱེད་ཚོས་ཀྲུང་གོའི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་ལོ་རྒྱུས་ཤེས་བྱ་ཤེས་རྟོགས་མང་ཙམ་བྱེད་པ་དང་། དཔའ་བོ་དཔེ་བཟང་མི་སྣར་སློབ་སྦྱོང་མང་ཙམ་བྱེད་པ། ཏང་དང་། མེས་རྒྱལ། མི་དམངས་བཅས་ལ་དགའ་ཞེན་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་གསར་བརྗེའི་ས་བོན་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་རྒྱུའི་རེ་བ་ཡོད”ཅེས་བྲིས་གནང་ཡོད།
     གྲོང་ཁྱེར་ཡོངས་ཀྱི་སློབ་མར་ཐད་ཀར་འཐུང་རུང་བའི་ཆུ་སྤྱོད་རྒྱུ་བྱུང་བ།
     པེ་ལེའང་དམར་དམག་སློབ་ཆུང་དུ་སྐྱོད་སྐབས། མིག་མདུན་དུ་ཚ་ཚ་འུར་འུར་གྱི་འཛུགས་སྐྲུན་བྱེད་པའི་རྣམ་པ་ཞིག་འཆར་ཞིང་། དེ་གར་སློབ་ཁྲིད་ཕྱོགས་བསྡུས་ཐོག་ཁང་དང་སློབ་མའི་ཉལ་ཁང་གི་ཐོག་འགེབས་བཞིན་ཡོད་པ་དང་། ལུས་རྩལ་ཐང་དུ་འགྱིག་གི་རྩྭ་གདན་འདིང་བཞིན་ཡོད། སློབ་སྤྱི་ཧྥེང་ཀང་ཀྲན་གྱིས། སློབ་ཁྲིད་ཐོག་ཁང་གསར་པའི་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་2105ཟིན་པ་དང་། ཐོག་ཁང་ལུགས་སྒྲོམ་ཡིན་པས་ས་ཡོམ་རིམ་པ་8འགོག་ཐུབ་ཀྱི་ཡོད། ཐོག་སོ་དང་པོ་ནས་གསུམ་པ་བར་སློབ་ཁྲིད་ཁང་ཡིན་ཞིང་། དེའི་ནང་སློབ་ཁང་དཀྱུས་མ་དང་། རོལ་དབྱངས་ཁང་། ཞབས་བྲོ་ཁང་། རྩིས་འཁོར་ཁང་། ཚོད་ལྟ་ཁང་། ལྟ་ཀློག་ཁང་སོགས་ཚུད་པ་དང་། ཐོག་སོ་བཞི་པ་གཞུང་ལས་ཁང་དང་ཚོགས་ཁང་སོགས་རེད། ཉལ་ཁང་གསར་པའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་962ཟིན་པ་དང་མི་8ལ་ཉལ་ཁང་རེ་ཡོད་པ་མ་ཟད། སྤྱི་པའི་གསང་སྤྱོད་དང་གཟུགས་པོ་འཁྲུད་ཁང་ཡང་ཡོད། གཞན་ཡང་། ཐོག་ཁང་གསར་པ་གཉིས་འདི་ལོའི་དཔྱིད་དུས་ཀྱི་སློབ་འགོ་ཚུགས་དུས་སྤྱོད་ཆོག་གི་ཡོད། “སྐབས་དེ་དུས་ང་ཚོའི་སྒྲིག་བཀོད་ཀྱི་ཆ་རྐྱེན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུ་ཡིན”ཞེས་ངོ་སྤྲོད་བྱས་བྱུང་།
     ཡི་གེ་འབྲི་མཁན་ཝང་ཐེན་ཅའོ་ད་ལྟ་ལོ་རིམ་བཞི་པ་འགྲིམ་བཞིན་ཡོད་ཅིང་། ཁོ་མོའི་སློབ་སྦྱོང་གི་སྦྱངས་འབྲས་སྔོན་མ་ནས་ཡག་པོ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་འབྱོར་རྗེས། སློབ་སྦྱོང་ལ་འབད་བརྩོན་བྱེད་སེམས་དེ་བས་ཆེ་རུ་སོང་བ་མ་ཟད། ཕྱོགས་གང་ཅིའི་ཐད་ལའང་ཧུར་བརྩོན་ཆེན་པོ་འདུག ད་ཆ་འཛིན་གྲྭའི་པན་ཀྲང་ཡང་ཡིན་ཞེས་ཧྥེང་ཀང་ཀྲན་གྱིས་བཤད། “སྤོ་བོ་ཞི་ཅིན་ཕིང་ལགས་ཀྱིས་ང་ཚོར་ཐུགས་རེ་ཟབ་མོ་བཅོལ་གནང་ཡོད། ང་ཚོས་སྤོ་བོ་ཞི་ཅིན་ཕིང་ལགས་ཀྱི་བཀའ་སློབ་བློ་ལ་བརྟན་པོར་ངེས་ཏེ་ཚེ་འདིའི་བདེ་སྐྱིད་འཚོ་བར་གཅེས་འཛིན་ཡག་པོ་བྱ་རྒྱུ་མ་ཟད། ཕྱིས་སུ་མེས་རྒྱལ་འཛུགས་སྐྲུན་གྱི་རྐང་འཛིན་མི་སྣ་ཞིག་ཀྱང་ཆགས་པ་བྱ་རྒྱུ་ཡིན”ཞེས་ཝང་ཐེན་ཅའོ་ཡིས་བཤད།
     ཐུང་ཁྲོན་གྲོང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཁྲང་ཡཱ་ལིང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲིན་ལན་སྤྲིངས་གནང་རྗེས། ཐུང་ཁྲོན་གྲོང་ཁྱེར་གྱིས་ཕྱོགས་མང་པོའི་མ་དངུལ་གྲབས་གསོག་བྱས་ཏེ། སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་གི་ཐད་ཀར་འཐུང་རུང་བའི་ཆུ་དང་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་འབྲིང་ཆུང་གི་གཟུགས་པོ་འཁྲུད་ཁང་གི་སྒྲིག་བཀོད་ལེགས་སུ་བཏང་ཡོད། མིག་སྔར། གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་གི་སློབ་མ་ཚང་མར་ཐད་ཀར་འཐུང་རུང་བའི་ཆུ་སྤྱོད་རྒྱུ་བྱུང་བ་མ་ཟད། ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་ཚང་མར་ཆུ་ཚ་པོས་གཟུགས་པོ་འཁྲུ་རྒྱུའང་བྱུང་ཡོད།
     ཕུགས་བསམ་དད་སེམས་ལ་ནམ་ཡང་དུས་ཚོད་ཡོལ་དུས་མེད།
     སློབ་གྲྭ་དང་ཉལ་ཁང་གསར་པར་གྱུར་པ་དང་དགེ་རྒན་གྱི་དཔུང་ཁག་སྟོབས་ཆེར་སོང་རུང་། ནམ་ཡང་འགྱུར་ཐབས་མེད་པ་ནི་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པའི་གསར་བརྗེའི་ས་བོན་ཡིན།
     སྔ་དྲོའི་ཆུ་ཚོད་10པ་ཙམ་ལ། སློབ་འཁོར་སེར་པོ་ཞིག་སློབ་གྲྭའི་ནང་དལ་བུར་འབྱོར། ཀྲའོ་ཅིན་གྲོང་རྡལ་དུ་འཁྲབ་སྟོན་ཟིན་མ་ཐག་པའི“དམར་དམག་ཆུང་ཆུང”30ལྷག་ཙམ་རླངས་འཁོར་ནས་བབས། རིག་རྩལ་བྱེད་སྒོའི་གཙོ་རྐང་ཞིག་ཡིན་པའི་གྲོགས་པོ་ཆུང་ཆུང་ཏུའུ་ཁྲེན་ཡན་ནི་གསར་བརྗེའི་གླུ་གཞས་དང་། ཞབས་བྲོ། སྣང་ཚུལ་མཚོན་པའི་ཟློས་གར་སོགས་ལ་མཁས། ཁ་བཟོ་འཕེར་བའི་ཏུའུ་ཁྲེན་ཡན་གྱིས། “ང་ཚོ་ཚང་མར་སློབ་གོས་ཆ་ཚང་གཉིས་རེ་ཡོད་པའི་ནང་གཅིག་ལུས་རྩལ་གོས་དང་གཅིག་ཤོས་ནི་དམར་དམག་གོས་ཡིན། ང་རང་རིག་རྩལ་འཁྲབ་སྟོན་ལ་དགའ་པོ་ཡོད་ལ། དམར་དམག་གོས་གྱོན་རྒྱུར་ཡང་དགའ་པོ་ཡོད”ཅེས་གསར་འགོད་པར་བཤད་བྱུང་།
     “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་ནང་། ང་ཚོར་བྱ་སྤྱོད་དངོས་ཀྱི་ཐོག་ནས་གསར་བརྗེའི་ས་བོན་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས་པའི་བླང་བྱ་བཏོན་གནང་ཡོད” “གསར་བརྗེའི་ས་བོན་རྒྱུན་འཛིན་བྱ་རྒྱུ”ནི་ཀྲའོ་ཅིན་གྲོང་རྡལ་པེ་ལེའང་དམར་དམག་སློབ་ཆུང་གི་སྔ་བར་ཕྱི་གསུམ་གྱི་སློབ་གསོའི་བརྗོད་དོན་གཙོ་བོ་ཞིག་ཡིན། སློབ་གྲྭས་སྒྲིག་གཞི་དང་སློབ་ཚན་བཀོད་སྒྲིག་བྱེད་སྟངས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བ་དང་། གསར་བརྗེའི་གླུ་གཞས་གཏོང་བ་དང་། དམར་དམག་གི་གཏམ་རྒྱུད་ཤོད་པ། དམར་དམག་གི་ལམ་བུར་སྐྱོད་པ་བཅས་བྱས་ཏེ་རོལ་རྩེད་ཀྱི་ཞོར་ལ་སློབ་གསོ་གཏོང་བའི་རྣམ་པར་བརྟེན་ནས་མི་རབས་རྗེས་མར་གསར་བརྗེའི་ལམ་བུའི་ཐོག་ཇི་ལྟར་སྐྱོད་དགོས་པ་དང་། ཕྱིས་འབྱུང་གང་གི་ཕྱོགས་སུ་སྐྱོད་དགོས་པ་བརྗོད་ཀྱི་ཡོད་ཅེས་ཧྥེང་ཀང་ཀྲན་གྱིས་བཤད།
     ཤེས་རྟོགས་བྱུང་བར་གཞིགས་ན། ཡའོ་ཀྲོའུ་ཆུས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ལྗོངས་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་ཁག་ཏུ་གསར་བརྗེའི་གླུ་གཞས་གཏོང་བ་དང་། དམར་དམག་གི་གཏམ་རྒྱུད་ཤོད་པ། དམར་དམག་གི་ལམ་བུར་སྐྱོད་པ་སོགས་ཀྱི་རིམ་སྤེལ་བྱེད་སྒོ་ཆེ་གྲས་ཁག་བརྒྱད་སྤེལ་ནས། གསར་བརྗེའི་སློབ་གསོ་གཏིང་ཟབ་ཏུ་བཏང་ཡོད། ཆུས་དེས་ད་དུང་གསར་བརྗེའི་ལོ་རྒྱུས་མཚོན་པའི་བསླབ་གཞི《གསར་བརྗེའི་ཀྲའོ་ཅིན》རྩོམ་སྒྲིག་བྱས་ནས་ཆུས་ཡོངས་སུ་སྤྲོད་རྒྱུ་རེད།
     “ཕུགས་བསམ་དད་སེམས་ལ་ནམ་ཡང་དུས་ཚོད་ཡོལ་དུས་མེད”“གསར་བརྗེའི་ལོ་རྒྱུས་ལས་སྔར་སོང་ལ་རྗེས་དྲན་ཞུ་བ་དང་ད་ཆར་གཅེས་འཛིན་བྱེད་དགོས་པའི་སློབ་གསོ་གཏོང་བ་ཙམ་མ་ཟད། གཞོན་ནུ་ལོ་ཆུང་གིས་དེ་བས་ཀྱང་སློབ་སྦྱོང་བྱེད་འོས་པ་ནི་གསར་བརྗེའི་རྒན་རབས་པ་ཚོའི་སྙིང་རུས་དང་། ལེགས་སྐྱེས། གཞན་གཅེས་བཅས་ཀྱི་དམིགས་བསལ་གྱི་ཁྱད་ཆོས་དག་ཡིན། དེའང་ལོ་རབས་ཚང་མར་མཁོ་བ་ཞིག་རེད”