འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་16ཉིན།

༄༅༎ཀུའེ་ཀྲོའུ་རུ་བུད་མེད་ཚོས་ལག་བདེ་མོར་བརྟེན་ནས་དབུལ་སྒྲོལ་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་16ཉིན། 10:12】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་འགྲན་ཞུགས་འཚེམ་དྲུབ་མས་འགྲན་བསྡུར་བྱ་ཡུལ་དུ་འཚེམ་དྲུབ་རྒྱག་བཞིན་པ།
འདི་ནི་འགྲན་ཞུགས་འཚེམ་དྲུབ་མས་འགྲན་བསྡུར་བྱ་ཡུལ་དུ་འཚེམ་དྲུབ་རྒྱག་བཞིན་པ།
     ཉེ་ཆར་ཀུའེ་ཀྲོའུ་ཞིང་ཆེན་གྱི་བུད་མེད་ཀྱི་ཁྱད་ལྡན་ལག་ཤེས་བཟོ་རྩལ་སྐབས་ལྔ་པ་དང་གསར་གཏོད་ཐོན་རྫས་འགྲན་བསྡུར་ཆེ་མོ་ཀུའེ་དབྱང་གྲོང་ཁྱེར་དུ་གཉེར་བ་རེད། ཀུའེ་ཀྲོའུ་ཞིང་ཆེན་གྱི་ས་གནས་ཁག་ནས་ཡོང་བའི་འཚེམ་དྲུབ་རྒྱག་མཁན་དང་ཚོས་རྒྱག་མཁན་བུད་མེད་ཚོས་མི་རིགས་ཀྱི་འཚེམ་དྲུབ་དང་། མི་རིགས་ཀྱི་ལཱ་ཚོས་རྒྱག་ཐབས། གསར་གཏོད་ཐོན་རྫས་འཆར་འགོད་སོགས་རྣམ་གྲངས་འགྲན་བསྡུར་བྱས་པ་རེད། ཁོང་ཚོས་ས་གནས་ས་ཐོག་ཏུ་ཁབ་སྐུད་སྐར་མདའ་འཁྱུག་འཁྱུག་དང་ལག་རྩལ་བྱང་ཆུབ་པོས་རི་མོ་བྲིས་ཏེ་ཀུའེ་ཀྲོའུ་ཡི་བུད་མེད་ཀྱི་ཁྱད་ལྡན་ལག་ཤེས་ཀྱི་མཛེས་ཉམས་སྟོན་པ།