འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་16ཉིན།

༄༅།།ཀྲུང་གོའི་སྐུ་ཚབ་ཀྱིས་རྒྱལ་ཁབ་ཁག་གིས་རྒྱལ་སྤྱིའི་མི་ཆོས་བཅའ་ཁྲིམས་ཀྱི་འོས་འགན་ཏན་ཏིག་
ངང་སྒྲུབ་དགོས་པའི་འབོད་སྐུལ་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་16ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་ཟླ་8ཚེས་14ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཚེས་13ཉིན། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་སྐུ་ཚབ་ཀྲང་ཅུན་གྱིས་རྒྱལ་ཁབ་ཁག་གིས་རྒྱལ་སྤྱིའི་མི་ཆོས་བཅའ་ཁྲིམས་ཀྱི་འོས་འགན་ཏན་ཏིག་སྒྲུབ་དགོས་པའི་འབོད་སྐུལ་བྱས་པ་རེད།
     ཀྲང་ཅུན་གྱིས་དེ་ཉིན་འཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི“རྒྱལ་སྤྱིའི་མི་ཆོས་བཅའ་ཁྲིམས་ལ་སྐུལ་འདེད་དང་ཤུགས་སྣོན་རྒྱག་པའི”ཡོངས་བསྒྲགས་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་སྐབས། མིག་སྔར། རྒྱལ་སྤྱིའི་བདེ་འཇགས་ཀྱི་དུས་བབ་སྔར་བཞིན་ཛ་དྲག་པོ་ཡོད་པ་དང་ཆབས་ཅིག་འཕེལ་རྒྱས་གསར་པ་བྱུང་ཡོད། སྲོལ་རྒྱུན་དང་སྲོལ་རྒྱུན་མིན་པའི་བདེ་འཇགས་ཀྱི་ཉེན་ཁ་མཉམ་དུ་གནས་ཏེ་ས་ཁུལ་ཁ་ཤས་ཀྱི་དྲག་པོའི་གདོང་ཐུག་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། གླེང་མོལ་དང་ཞི་བའི་ངང་རྩོད་གཞི་སེལ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་རྒྱལ་སྤྱིའི་མི་ཆོས་བཅའ་ཁྲིམས་སྲུང་སྐྱོང་དང་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་སྙིང་སྟོབས་མངོན་པར་བྱེད་པའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བརྗོད་པ་རེད།
     ཀྲང་ཅུན་གྱིས་རྒྱལ་ཁབ་ཁག་གི་སྲིད་གཞུང་གིས་གནས་ཚུལ་གང་རུང་ཞིག་གི་འོག་རྒྱལ་སྤྱིའི་མི་ཆོས་བཅའ་ཁྲིམས་ལ་བརྩི་སྲུང་ཞུ་བའི་འགན་འཁྲི་ཆེན་པོ་ཡོད་པས་དེའི་ནུས་པ་ནི་ཚབ་བྱེད་ཐབས་བྲལ་བ་ཞིག་རེད། རྩོད་གཞི་བྱུང་ཁུལ་གྱི་གདོང་ཐུག་ཕྱོགས་གཉིས་པོའི་བྱེད་སྤྱོད་ལ་རྒྱལ་སྤྱིའི་མི་ཆོས་བཅའ་ཁྲིམས་ཀྱི་ཚོད་འཛིན་ཕོག་པ་བྱེད་དགོས། གདོང་ཐུག་ལས་གཡོལ་ཐབས་བྲལ་བའི་གནས་ཚུལ་འོག་རྒྱལ་སྤྱིའི་མི་ཆོས་བཅའ་ཁྲིམས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་དྲག་ཤུགས་གང་བྱུང་དུ་སྤྱོད་པའམ་ཡང་ན་མི་ཆོས་ཀྱི་མཇུག་འབྲས་ལ་མི་ལྟ་བའི་བྱེད་སྤྱོད་བཀག་འགོག་བྱེད་དགོས། རྒྱལ་སྤྱིའི་མི་ཆོས་བཅའ་ཁྲིམས་ལས་འགལ་བའི་བྱེད་སྤྱོད་ལ་ཁྲིམས་ལྟར་བརྟག་དཔྱད་དང་ཆད་པ་ནན་པོ་གཅོད་དགོས་ཞེས་བརྗོད་པ་རེད།