འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་16ཉིན།

༄༅༎མཚོ་སྔོན་གྱིས་རིམ་མཐོའི་ཀུའེ་རྒྱུ་ཞིབ་འཇུག་གསར་སྤེལ་ལ་ཤུགས་སྣོན་བརྒྱབ་ནས་ཆ་འཕྲིན་ཐོན་ལས་ཀྱི
“འབྲུ་རིགས”ཀྱི་བདེ་འཇགས་སྲུང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་16ཉིན། 10:03】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་8ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་14ཉིན། “ཀྲེ་ཅང་སློབ་ཆེན་གྱི་ཀུའེ་རྒྱུའི་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་། རྨ་ཆུའི་ཆུ་གློག་འདུས་གྲུབ་གློག་ལམ་ཀུའེ་རྒྱུ་མཉམ་འབྲེལ་ཞིབ་འཇུག་ལྟེ་གནས”མཚོ་སྔོན་ཟི་ལིང་གྲོང་ཁྱེར་དུ་སྒོ་བྱང་བཀལ་ནས་བཙུགས་པ་ལས། མཚོ་སྔོན་ཞིང་ཆེན་གྱིས“རྒྱལ་ནང་གི་འདུས་གྲུབ་གློག་ལམ་གྱི་ཀུའེ་རྒྱུའི་ཐོན་ལས་རྟེན་གཞི་གལ་ཆེན”གཏོད་པའི་ཐད་འགག་རྩའི་གོམ་སྟབས་སྤོས་པ་མཚོན་གྱི་ཡོད།
     གློག་རྡུལ་རིམ་པའི་ཤེལ་མང་ཀུའེ་ནི་འདུས་གྲུབ་གློག་ལམ་བཟོ་སྐྲུན་ལས་རིགས་ཀྱི་རྨང་གཞིའི་རྒྱུ་ཆ་གཙོ་ཆེ་ཤོས་ཤིག་ཡིན་པས། ཆ་འཕྲིན་ཐོན་ལས་ཀྱི“འབྲུ་རིགས”ཞེས་འབོད་ཀྱི་ཡོད། དུས་ཡུན་རིང་པོའི་ནང་། “འབྲུ་རིགས”དེ་ནང་འདྲེན་ལ་བརྟེན་པའི་སྣང་ཚུལ་ཚབས་ཆེ་བས། རང་རྒྱལ་གྱི་ཆ་འཕྲིན་བཟོ་ལས་འཕེལ་རྒྱས་ལ་ཚོད་འཛིན་ཚབས་ཆེན་བཟོས་ཡོད་པ་རེད། ཉེ་བའི་ལོ་བཅུའི་རིང་། རང་རྒྱལ་གྱི་གློག་རྡུལ་མ་འཇོག་རྨ་ཆུའི་སྟོད་རྒྱུད་ཆུ་གློག་གསར་སྤེལ་ཚད་ཡོད་ཀུང་སིས་གཙོ་གནད་ཚན་རྩལ་རྣམ་གྲངས་ལ་བརྟེན་ནས་ལག་རྩལ་གསར་གཏོད་བྱས་ཏེ་རྒྱལ་ཁབ་ཀྱི་གློག་རྡུལ་རྒྱུ་ཆའི་ལས་རིགས་ལ་རྨང་གཞི་བཏིངས་པ་དང་ཞན་ཆ་གསབ་ཡོད་པ་རེད།
     ཤེས་རྟོགས་བྱུང་གསལ། ཀྲེ་ཅང་སློབ་ཆེན་གྱི་ཀུའེ་རྒྱུའི་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་ནི་རྒྱལ་ནང་དུ་བཙུགས་སྔ་ཤོས་ཀྱི་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་གི་གྲས་ཤིག་ཡིན་པ་དང་། དུས་རབས་གོང་མའི་ལོ་རབས་50པ་ནས་བཟུང་། ཀུའེ་ཝན་ལག་རྩལ་ལ་བརྟེན་ནས་ཤེལ་མང་ཀུའེ་བཟོ་བའི་ལག་རྩལ་སོགས་ཀྱི་རྨང་གཞིའི་ཞིབ་འཇུག་ལ་གྲུབ་འབྲས་གལ་ཆེན་ཐེངས་མང་ཐོབ་ཡོད་པ་རེད།
     “འདས་ཟིན་པའི་ལོ་ཁ་ཤས་ནང་ང་ཚོས་གློག་རྡུལ་རིམ་པའི་ཤེལ་མང་ཀུའེ་ཡི་འགག་རྩའི་ལག་རྩལ་འགག་སྒྲོལ་བདེ་བླག་བྱས་ཡོད། དེ་ལས་ཐོན་པའི་འདུས་གྲུབ་གློག་ལམ་ལ་དབྱིན་ཚུན་3ནས་8བར་གྱི་ཀུའེ་ལྷེབ་སྤྱད་ནས་ཕྱི་རྒྱལ་གྱི་སྒེར་སྡེམ་ལས་ཐར་ཡོད། སླད་ཕྱིན་ང་ཚོས་ཐོན་སློབ་ཞིབ་གསུམ་མཉམ་ལས་གཏིང་ཟབ་བྱས་ནས་རང་རྒྱལ་གྱི་འདུས་གྲུབ་གློག་ལམ་གྱི་རྒྱུ་ཆ་མང་པོ་ནང་འདྲེན་ལ་བརྟེན་པའི་གནད་དོན་ཐག་གཅོད་བྱེད་ཀྱི་ཡིན”ཞེས་རྒྱལ་ཁབ་གློག་རྡུལ་མ་འཇོག་རྨ་ཆུའི་ཆུ་སྟོད་ཆུ་གློག་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཏུང་ཧྲི་ཀྲང་གཅིག་ལྕོགས་ཤེ་ཞའོ་ཕིང་གིས་བཤད།
     ཀྲུང་གོ་གློག་རྡུལ་རྒྱུ་ཆ་ལས་རིགས་མཐུན་ཚོགས་ཀྱི་དེ་སྔའི་དྲུང་ཆེ་ཡོན་ཐུང་གིས་ད་ཐེངས་ཀྱི་སློབ་གྲྭ་དང་ཁེ་ལས“སྟོབས་ཆེན་མཉམ་འབྲེལ”གྱི་འབྱུང་འགྱུར་ལ་རེ་སྒུག་ཆེན་པོ་བྱེད་ཅིང་། ཁོང་གིས་འདི་ཐོན་གསར་པའི་ཆ་འཕྲིན་ལག་རྩལ་འཕེལ་རྒྱས་ལས་བྱུང་བའི་ཁྲོམ་རའི་གོ་སྐབས་སྟངས་འཛིན་ལ་ཕན་པ་ཡོད་པས། རང་རྒྱལ་གྱི་གློག་རྡུལ་ཆ་འཕྲིན་གྱི་རྒྱུ་ཆ་གསར་པའི་ཐོན་ལས་ལ་ལག་རྩལ་སྣེ་ཁྲིད་ཀྱི་ཁེ་ལས་མི་འདང་བ་དང་། ཐོན་ལས་ཕྱི་མའི་དགོས་མཁོ་ཆེན་པོ་ཡོད་ཀྱང་། འགག་རྩའི་ཐོན་རྫས་མང་པོ་ཞིག་གི་གསར་གཏོད་འཇོན་ཐང་མི་འདང་བ། མཐོ་རིམ་ཐོན་རྫས་ཀྱི་རང་ཁ་རང་གསོ་བྱེད་ཚད་མི་འདང་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་ཐུབ་ཅེས་བརྗོད།
     ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་དབྱང་ཏེ་རེན་གྱིས་མིག་སྔའི་གོ་ལ་ཧྲིལ་པོའི་མི་བཟོས་རིག་ནུས་དང་། 5Gསྒུལ་བདེའི་འཕྲིན་གཏོང། ཟོག་སྦྲེལ་དྲ་རྒྱ་སོགས་གསར་དར་ཚན་རྩལ་ཁྱབ་ཁོངས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་གནས་ཚུལ་འོག མཉམ་འབྲེལ་ཞིབ་འཇུག་གསར་སྤེལ་ལྟེ་གནས་ཀྱིས་རྒྱལ་ཁབ་ཀྱི་དགོས་མཁོ་ཆེ་རིགས་ཀྱི་འགག་རྩའི་ལག་རྩལ་ལ་དམིགས་ནས་ཞིབ་འཇུག་བྱས་ཏེ་ཁེ་ལས་ཀྱིས་ཚན་ཞིབ་གྲུབ་འབྲས་ཐོན་སྐྱེད་ནུས་ཤུགས་ལ་སྒྱུར་བར་རོགས་རམ་བྱས་ནས་འབྲེལ་ཡོད་ཁྱབ་ཁོངས་ཀྱི་རང་རྒྱལ་གྱི་ལྟེ་བའི་རྒྱུ་ཆ་རང་ཁ་ རང་གསོའི་འཇོན་ཐང་སྔར་བས་ཆེ་རུ་གཏོང་དགོས་ཞེས་བརྗོད།