འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་16ཉིན།

༄༅།།སྐབས་བརྒྱད་པའི་འཛམ་གླིང་གི་ལུས་སྦྱོང་རླུང་སྒོམ་སྤེལ་རེས་འགྲན་བསྡུར་ཆེ་མོ་མོར་པེན་དུ་གཉེར་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་16ཉིན། 10:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཤིས་ཉི་ནས་ཟླ་8ཚེས་13ཉིན་གློག་འཕྲིན་འབྱོར་གསལ། སྐབས་བརྒྱད་པའི་འཛམ་གླིང་གི་ལུས་སྦྱོང་རླུང་སྒོམ་སྤེལ་རེས་འགྲན་བསྡུར་ཆེ་མོ་དང་སྐབས་བཞི་པའི་འཛམ་གླིང་གི་ལུས་སྦྱོང་རླུང་སྒོམ་ཚན་རིག་གླེང་སྟེགས་ཚེས་12ཉིན་ཨོ་སི་ཁྲུ་ལི་ཡའི་གྲོང་ཁྱེར་མོར་པེན་དུ་མཇུག་འགྲིལ་ཞིང་། རྒྱལ་ཁབ་དང་ས་ཁུལ་21ནས་ཡོང་བའི་ལུས་སྦྱོང་རླུང་སྒོམ་ལ་དགའ་ཞེན་ཡོད་མཁན་350ལྷག་ཙམ་འགྲན་བསྡུར་ལ་ཞུགས་པ་རེད།
     རྒྱལ་སྤྱིའི་ལུས་སྦྱོང་རླུང་སྒོམ་མཉམ་འབྲེལ་ལྷན་ཚོགས་ཀྱི་ལག་བསྟར་ཨུ་ལྷན་སྐབས་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའང་དུས་མཉམ་དུ་མོར་པེན་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་2020ལོར་སྐབས་བཞི་པའི་ལུས་སྦྱོང་རླུང་སྒོམ་གྱི་ཡོ་རོབ་ལུས་རྩལ་འགྲན་ཚོགས་ད་ཐ་ལིའི་གྲོང་ཁྱེར་་མར་གཉེར་རྒྱུ་དང་2021ལོར་སྐབས་དགུ་པའི་འཛམ་གླིང་གི་ལུས་སྦྱོང་རླུང་སྒོམ་སྤེལ་རེས་འགྲན་བསྡུར་ཆེན་མོ་དང་སྐབས་ལྔ་པའི་འཛམ་གླིང་གི་ལུས་སྦྱོང་རླུང་སྒོམ་ཚན་རིག་གླིང་སྟེགས་རི་པིན་གྱི་ཐོ་ཁེའོ་ཡི་པ་ཝང་ཙེ་གྲོང་ཁྱེར་དུ་གཉེར་རྒྱུའི་གཏན་འབེབས་བྱས་པ་རེད། ཚོགས་འདུའི་ཐོག་ད་དུང་རྒྱལ་སྤྱིའི་ལུས་སྦྱོང་རླུང་སྒོམ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁོངས་མི་གསར་པ་བཞིའི་ཚོགས་མིའི་ཐོབ་ཐང་ལ་གྲོས་འཆམ་བྱུང་བ་དང་། ཚོགས་མིའི་བསྡོམས་འབོར་102ཟིན་པ། གླིང་ཆེན་ལྔ་ཡི་རྒྱལ་ཁབ་དང་ས་ཁུལ་51ལ་ཁྱབ་ཡོད་པ་རེད།