འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་16ཉིན།

༄༅།།ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་ཨན་ཧུའེ་ཡི་གྲུབ་འབྲས་འགྲེམས་སྟོན་གཉེར་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་16ཉིན། 09:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་8ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་14ཉིན། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་ཨན་ཧུའེ་ཞིང་ཆེན་གྱི་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམས་སྟོན་རྒྱལ་ཁབ་གསར་འགྱུར་གཞུང་ལས་ཁང་གསར་འགྱུར་ཡོངས་བསྒྲགས་ཚོམས་ཆེན་དུ་འཚོགས་པ་རེད། ད་ཐེངས་ཀྱི་གྲུབ་འབྲས་འགྲེམས་སྟོན་ནི་ལྗང་མདོག་འཕེལ་རྒྱས་དང་། སྒོ་དབྱེ་འཕེལ་རྒྱས། མཉམ་སྤྱོད་འཕེལ་རྒྱས། མཐུན་སྦྱོར་འཕེལ་རྒྱས། གསར་གཏོད་འཕེལ་རྒྱས་སོགས་ཀྱི་ནང་དོན་དུ་བགོས་ཤིང་། ཨན་ཧུའེ་ཡི་སྣོད་བཅུད་སྲུང་སྐྱོང་དང་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན། ཁུལ་ཁོངས་གསར་གཏོད་བཅས་ལ་ཐོབ་པའི་གྲུབ་འབྲས་མངོན་པར་བྱས་ཡོད།
     འགྲེམས་སྟོན་ཚོམས་ཆེན་ནང་སྐྱོད་སྐབས། དེབ་ཁང་ནང་གི་ནོར་བུ་བཞི་ལས་ཀྲུང་གོའི་སྲོལ་རྒྱུན་རིག་གནས་གཅིག་སྡུད་མངོན་པ་དང་། དེ་ནས་མདུན་དུ་སྐྱོད་སྐབས། ཧུའེ་ཀྲོའུ་སྙུག་རྐོས་ཀྱི་ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཀྲོའུ་ཧུང་ཀྲེང་གིས་ལག་ཏུ་སྨྱུག་སྣོད་ཁ་དོག་སྣུམ་པོ་ཞིག་འཁྱེར་ནས་ལྟ་སྐོར་བ་ཚོར་དེའི་ཐོག་གི་རི་མོ་ངོ་སྤྲོད་བྱེད་བཞིན་འདུག མི་རིང་བའི་སར་རླུང་གཡབ་ལྟེབ་སྒྲིལ་རྒྱུན་འཛིན་པ་ཝང་མིང་ཏེས་ཚང་མར་ཨན་ཧུའེ་ཡི་རླུང་གཡབ་ཀྱི་ཁྱད་ཆོས་ངོ་སྤྲོད་བྱེད་བཞིན་འདུག
     སྲོལ་རྒྱུན་དང་མི་འདྲ་བ་ཞིག་ནི་ཨན་ཧུའེ་ཡི་ཉིན་བཞིན་དར་རྒྱས་འགྲོ་བཞིན་པའི་ཚན་རྩལ་གསར་གཏོད་དེ་རེད། “འདི་ནི་ཀྲུང་གོ་འཛུགས་སྐྲུན་ཨར་ལས་ཚོགས་པ་ཚད་ཡོད་ཀུང་སིའི་པེང་པུའུ་ཤེལ་སྒོ་བཟོ་ལས་ཇུས་འགོད་ཁང་གིས་ཞིབ་སྤེལ་བྱས་པའི་ཤིན་ཏུ་སྲབ་པའི་གློག་རྡུལ་ཤེལ་སྒོ་རེད། སྲབ་ཤོས་ལ་ཧའོ་སྨི་0.12ཡོད”ཅེས་འཆད་འགྲེལ་པའི་ངོ་སྤྲོད་བརྒྱུད། ཀྲུང་གོ་ཚན་རིག་སློབ་ཆེན་རྒྱལ་ཕུབ་ཚད་རྡུལ་ལག་རྩལ་མ་རྐང་ཚད་ཡོད་ཀུང་སིའི་རང་བརྟེན་ཤེས་བྱའི་བདག་དབང་གི་ཚད་རྡུལ་མཐའ་སྣེ་དང་། ཀྲུང་གོ་ཚན་རིག་ལག་རྩལ་སློབ་ཆེན་གྱི་སྔོན་ཐོན་ལག་རྩལ་ཞིབ་འཇུག་ཁང་གི་རང་བརྟེན་ཚོད་འཛིན་ཚད་རྡུལ་བདེ་འཇགས་སྤྲིན་ཚོམས་རིག་ནུས་གཞུང་ལས་མ་ལག་སོགས་ཀྱི་ཐོན་རྫས་གསར་ཤོས་རེ་རེ་བཞིན་ལྟ་སྐོར་བའི་མིག་ལམ་དུ་འཆར་བ་ལས་ཨན་ཧུའེ་ཡི་ཚན་རྩལ་གསར་གཏོད་ཀྱི་དངོས་ཤུགས་ཚོར་ཐུབ་པ་བྱུང་ཡོད།