མི་དམངས་དྲ་བ།

༄༅༎བློ་མཐུན་ཝང་ཀོང་དབྱིང་སྐུ་འཁྲུངས་ནས་ལོ་100འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་
འཚོགས་པ་དང་ལི་ཀྲན་ཧྲུའུ་ཚོགས་འདུར་ཕེབས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་15ཉིན། 14:21】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

ཟླ་8ཚེས་14ཉིན། བློ་མཐུན་ཝང་ཀོང་དབྱིང་སྐུ་འཁྲུངས་ནས་ལོ་100འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད།

ཟླ་8ཚེས་14ཉིན། བློ་མཐུན་ཝང་ཀོང་དབྱིང་སྐུ་འཁྲུངས་ནས་ལོ་100འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད།

     མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་14ཉིན། བློ་མཐུན་ཝང་ཀོང་དབྱིང་འཁྲུངས་ནས་ལོ་100འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་བཞུགས་མོལ་ཚོགས་འདུར་ཕེབས་པ་དང་འབྲེལ། ཚོགས་འདུ་མ་འཚོག་གོང་བློ་མཐུན་ཝང་ཀོང་དབྱིང་གི་གཉེན་ཉེར་མཇལ་འཕྲད་གནང་བ་རེད།
     བློ་མཐུན་ཝང་ཀོང་དབྱིན་ནི་ཀྲུང་གོའི་དེང་རབས་ཀྱི་མི་རིགས་བཟོ་ཚོང་ལས་རིགས་ཀྱི་ཕུལ་དུ་བྱུང་བའི་འཐུས་ཚབ་ཡིན་ཞིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བརྒྱད་པ་དང་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་། རྒྱལ་ཡོངས་སྲིད་གྲོས་སྐབས་དྲུག་པ་དང་སྐབས་བདུན་པའི་ཀྲུའུ་ཞི་གཞོན་པའི་འགན་བཞེས་མྱོང་ཡོད།
     ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཡིའུ་ཆོན་གྱིས་བཞུགས་མོལ་ཚོགས་འདུའི་ཐོག་བློ་མཐུན་ཝང་ཀོང་དབྱིང་གི་འོད་སྟོང་འབར་བའི་སྐུ་ཚེ་ཧྲིལ་པོར་དྲན་གསོ་ཞུས་པ་དང་། ཁོང་གི་བློ་གཅིག་སེམས་གཅིག་ངང་ཏང་གི་བཀའ་ལ་ཉན་ནས་ཏང་གི་རྗེས་སུ་འབྲངས་པའི་མཛའ་བརྩེའི་གཤིས་རྒྱུད་དང་། རྒྱལ་དར་དམངས་ཕྱུག་གི་འདུན་པ་ཆེན་པོ་ལྡན་པའི་རྒྱལ་གཅེས་པའི་ཉམས་འགྱུར། རང་རྟོགས་ངང་སྒྱུར་བཅོས་སྒོ་དབྱེའི་བྱ་གཞག་ལ་རོགས་རམ་བྱེད་པའི་སྒྱུར་བཅོས་མཁན་གྱི་རྣམ་འགྱུར། བློ་རྩེ་གཅིག་སྒྲིམ་གྱིས་འཕེལ་རྒྱས་གཏོང་བའི་ཁེ་ལས་མཁས་ཅན་གྱི་སྙིང་སྟོབས་བཅས་ལ་སློབ་སྦྱོང་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཁྲེན་གྱིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིན་ལི་བཞུགས་མོལ་ཚོགས་འདུར་ཕེབས་ཡོད་པ་རེད།

  
style="display:none;"