འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་15ཉིན།

༄༅༎ཀན་ལྷོའི་བོད་རིགས་ས་ཁུལ་གྱིས་སྣོད་བཅུད་ཡུལ་སྐོར་ལ་བརྟེན་ནས་འབྲོག་པ“ལྗང་མདོག”ཕྱུག་འགྱུར་ཡོང་རྒྱུར་རོགས་རམ་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་15ཉིན། 14:01】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་ཟླ་8ཚེས་13ཉིན། ལས་དོན་མི་སྣས་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཀླུ་ཆུ་རྫོང་མཚོ་ཉིན་གྲོང་རྡལ་ཀ་ཤུ་གྲོང་ཚོའི་གུར་གྲོང་མཛེས་ལྗོངས་ཁུལ་ནང་འགྲུལ་ཁང་གཙང་སྦྲ་བྱ་རྒྱུའི་གྲ་སྒྲིག་བྱེད་བཞིན་པ།
འདི་ནི་ཟླ་8ཚེས་13ཉིན། ལས་དོན་མི་སྣས་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཀླུ་ཆུ་རྫོང་མཚོ་ཉིན་གྲོང་རྡལ་ཀ་ཤུ་གྲོང་ཚོའི་གུར་གྲོང་མཛེས་ལྗོངས་ཁུལ་ནང་འགྲུལ་ཁང་གཙང་སྦྲ་བྱ་རྒྱུའི་གྲ་སྒྲིག་བྱེད་བཞིན་པ།
     ཉེ་བའི་ལོ་ཤས་རིང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡིས་གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་ཐུན་མོང་མ་ཡིན་པའི་སྣོད་བཅུད་ཐོན་ཁུངས་ལ་དམིགས་ནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། “ས་ཁོངས་ཧྲིལ་པོར་གད་སྙིགས་མེད་པའི”གསར་གཏོད་བྱ་སྤྱོད་དང་ཟུང་འབྲེལ་གྱིས་ཀན་ལྷོ་བོད་རིགས་ས་ཁུལ་གྱི་ཡུལ་སྐོར་གྱི་སྤུས་ཚད་མཐོ་རུ་བཏང་སྟེ་ཀ་ཤུ་དང་ཤིང་སྒོ་སོགས་བོད་རིགས་ཀྱི་རིག་གནས་ཁྱད་ཆོས་ཟབ་མོ་ལྡན་པའི་ཡུལ་སྐོར་དཔེ་སྟོན་གྲོང་ཚོ་བཏོད་དེ་ཞིང་འབྲོག་མང་ཚོགས་གྲོང་གསེབ་ཡུལ་སྐོར་སོགས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་ནང་ཞུགས་པའི་བརྒྱུད་རིམ་ནང“ལྗང་མདོག་ཕྱུག་འགྱུར”ཡོང་བ་བྱས་པ་རེད།
འདི་ནི་ཟླ་8ཚེས་13ཉིན། ཡུལ་སྐོར་བས་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཀླུ་ཆུ་རྫོང་མཚོ་ཉིན་གྲོང་རྡལ་ཀ་ཤུ་གྲོང་ཚོའི་གུར་གྲོང་མཛེས་ལྗོངས་ཁུལ་དུ་སྤྲོ་གསེང་ལྟ་སྐོར་བྱེད་བཞིན་པ།
འདི་ནི་ཟླ་8ཚེས་13ཉིན། ཡུལ་སྐོར་བས་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཀླུ་ཆུ་རྫོང་མཚོ་ཉིན་གྲོང་རྡལ་ཀ་ཤུ་གྲོང་ཚོའི་གུར་གྲོང་མཛེས་ལྗོངས་ཁུལ་དུ་སྤྲོ་གསེང་ལྟ་སྐོར་བྱེད་བཞིན་པ།