འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་15ཉིན།

༄༅།།ཨ་རིའི་ཡུལ་སྐོར་ཅུས་ཀྱི་དཔོན་རིགས་ཀྱིས་ཨ་རིར་སྐྱོད་མཁན་ཀྲུང་གོའི་ཡུལ་སྐོར་བ་མུ་མཐུད་ཉུང་དུ་
འགྲོ་ཡི་འདུག་ཅེས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་15ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ཨ་རིའི་གྲོང་ཁྱེར་མིང་ཉི་ཨཱ་པོའོ་ལི་སི་ནས་ཟླ་8ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཨ་རིའི་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱི་སྤྱི་ཁབ་དང་དབུ་བཞུགས་ལག་བསྟར་དཔོན་གཅིག་ལྕོགས་ཁེ་ལི་སི་ཐོ་ཧྥུའུ·ཐང་ཕུའུ་སེན་གྱིས། ཀྲུང་གོ་ནི་ད་བར་ཨ་རིའི་ཡུལ་སྐོར་ལས་རིགས་ཀྱི་ཤིན་ཏུ་གལ་ཆེ་བའི་ཡུལ་སྐོར་བའི་ཡོང་ཁུངས་རྒྱལ་ཁབ་ཅིག་རེད། 2018ལོར་ཀྲུང་གོའི་ཡུལ་སྐོར་བས་ཨ་རིར་འཛད་སྤྱོད་བྱེད་ཚད་སྔར་བཞིན་ཨང་དང་པོར་སླེབས་མོད། འོན་ཀྱང་ཨ་རིར་སྐྱོད་མཁན་ཀྲུང་གོའི་ཡུལ་སྐོར་བ་ཉུང་དུ་ཕྱིན་པ་དང་། འདི་ལོ་ཚུན་དུ་མུ་མཐུད་ཉུང་དུ་འགྲོ་བཞིན་ཡོད་ཅེས་བརྗོད།
     ཨ་རིའི་གཞུང་ཕྱོགས་ཀྱིས་བསྡོམས་རྩིས་བྱས་པར་གཞིགས་ན། 2018ལོར་ཨ་རིར་སྐྱོད་མཁན་ཀྲུང་གོའི་ཡུལ་སྐོར་བ་ལོ་གོང་མ་ལས་6%ཉུང་དུ་སོང་ནས་ལོ་15ཡི་རིང་ཉུང་དུ་འགྲོ་ཐེངས་དང་པོ་རེད། ད་རེས་ཀྱི་ཚོགས་འདུ་འཚོག་ཡུལ་མིང་ཉི་སུའུ་ཏཱ་ཀྲོའུ་ཡི་ཡུལ་སྐོར་སྒྲིག་གཞིས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། ཀྲོའུ་དེས་ན་ནིང་ཀྲུང་གོའི་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་5.8%ཆག་པ་དེ་ཉེ་བའི་ལོའི་རིང་གི་ཆག་ཐེངས་དང་པོ་རེད།