འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་14ཉིན།

༄༅༎རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་ལས་དོན་གཞུང་དོན་ཁང་གིས་དམངས་གཙོ་ཡར་ཐོན་ཏང་དང་དེའི་དབང་འཛིན་པར་
འཕྲལ་དུ་ཤང་ཀང་དུ་བརྐྱངས་པའི་ལག་རིང་ཕྱིར་འཐེན་བྱེད་དགོས་ཞེས་གཟབ་ནན་གྱི་སྒོ་ནས་ཐ་ཚིག་བསྒྲགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་14ཉིན། 13:54】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
    མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་13ཉིན། དམངས་གཙོ་ཡར་ཐོན་ཏང་གི་ཀྲུའུ་ཞིའི་ཀྲུའོ་རུང་ཐའེ་ཡིས་ཚེས་12ཉིན་ལ་བརྗོད་པའི་ཤང་ཀང་དང་འབྲེལ་བ་ཡོད་པའི་གཏམ་བརྗོད་ལ་དམིགས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་གཞུང་དོན་ཁང་གི་མགྲིན་ཚབ་པ་མཱ་ཞའོ་ཀོང་གིས་དྲི་བར་ལན་བསྐྱོན་ནས་ཀྲུའོ་རུང་ཐའེ་ཡི་ད་རེས་ཀྱི་གཏམ་བཤད་དེས་ཤང་ཀང་གི་ཉེ་དུས་ཀྱི་གནས་ཚུལ་ལ་ངན་རོགས་དང་ཤང་ཀང་ཟང་ཟིང་བཟོ་རྒྱུའི་རེ་ངན་བཅངས་པ་དང་། སྐམ་ས་ཆེ་མོར་དམའ་འབེབས་གཏོང་བ་དང་ཚུལ་རྒོལ་བྱེད་པ་དང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ལ་དམའ་འབེབས་གཏོང་བ་བརྒྱུད། གླིང་ཕྲན་ནང་གི་མི་རྣམས་ལ་ངན་སྐུལ་བྱས་ནས། འདེམས་བསྐོའི་ཁེ་ཕན་འཐོབ་པའི་རེ་ངན་བཅངས་མོད། འོན་ཏེ་དེ་དག་ཚང་མ་འགྲུབ་མི་སྲིད་ཅེས་བརྗོད།
    མཱ་ཞའོ་ཀོང་གིས་ཉེ་དུས་ཤང་ཀང་གི་དུས་བབ་རྙོག་འཛིང་ཆེ་ལ་ཛ་དྲག་ཆེ་བ་རེད། དམངས་གཙོ་ཡར་ཐོན་ཏང་དང་དེའི་དབང་འཛིན་པས་དེའི་ཁྲོད་གཟི་བརྗིད་གཏན་ནས་མིན་པའི་མི་སྣ་འཁྲབ་སྟོན་བྱས་ཡོད། ང་ཚོས་དམངས་གཙོ་ཡར་ཐོན་ཏང་དང་དེའི་དབང་འཛིན་པར་འཕྲལ་དུ་ཤང་ཀང་དུ་བརྐྱངས་པའི་ལག་རིང་ཕྱིར་འཐེན་བྱེད་དགོས་ཞེས་གཟབ་ནན་གྱི་སྒོ་ནས་ཐ་ཚིག་སྒྲོག་རྒྱུ་ཡིན། དེ་ལྟར་མ་བྱས་ན་རང་བྱས་རང་མྱོང་ཡོང་ངེས་རེད་ཅེས་བརྗོད།
    མཱ་ཞའོ་ཀོང་གིས་ཀྲུང་དབྱང་སྲིད་གཞུང་གི་བློ་བརྟན་འགྱུར་མེད་ཀྱི་རྒྱབ་སྐྱོར་འོག ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་ཁག་གིས་གཏུམ་སྤྱོད་བཀག་འགོག་དང་སྒྲིག་ལམ་སླར་གསོ་ཐུབ་ཅིང་། ཤང་ཀང་ཡུན་རིང་དར་རྒྱས་བརྟན་ལྷིང་རྒྱུན་འཁྱོངས་བྱེད་ཐུབ་ཅེས་བརྗོད།