འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་14ཉིན།

༄༅༎ཀྲུང་ཨ་དཔལ་འབྱོར་ཚོང་དོན་གྱི་རིམ་མཐོའི་གྲོས་མོལ་གྱི་ཕྱོགས་གཉིས་ཀྱི་སྣེ་ཁྲིད་པས་ཁ་པར་གཏོང་རེས་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་14ཉིན། 13:50】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་13ཉིན་གྱི་དགོང་མོ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་ཨའི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་གྲོས་མོལ་གྱི་ཀྲུང་གོ་ཕྱོགས་ཀྱི་སྣེ་ཁྲིད་པ་ལིའུ་ཧོ་ཡིས་ཁ་ཆད་ལྟར་ཨ་རིའི་ཚོང་དོན་འཐུས་མི་ལའེ་ཐེ་ཤིས་ཙེ་དང་ནོར་སྲིད་པུའུ་ཀྲང་མུའུ་ནུའུ་ཆིན་དང་ཁ་པར་གཏོང་རེས་བྱས་པ་རེད། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ཀྱིས་ཟླ་9ཚེས་1ཉིན་ནས་ཀྲུང་གོའི་ཕྱིར་གཏོང་ཚོང་ཟོག་ལ་སྒོ་ཁྲལ་འཕར་མ་བསྡུ་རྒྱུའི་གནད་དོན་ཐད་དྲང་ནན་གྱི་སྐད་ཆ་བཤད་པ་རེད། ཕྱོགས་གཉིས་ཀྱིས་མ་འོངས་པའི་གཟའ་འཁོར་གཉིས་ཀྱི་ནང་སླར་ཡང་ཁ་པར་གཏོང་རེས་བྱ་རྒྱུའི་ཁ་ཆད་བྱས་པ་རེད། ཚོང་དོན་པུའི་པུའུ་ཀྲང་ཀྲུང་ཧྲན་དང་། ཀྲུང་གོ་མི་དམངས་དངུལ་ཁང་གི་ཧང་ཀྲང་དབྱི་ཀང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཉིང་ཅི་ཀྲེ་སོགས་ཁ་པར་གཏོང་རེས་བྱེད་པའི་ནང་ཞུགས་ཡོད།