འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་14ཉིན།

༄༅།།ཀྲུང་གོའི་ཁེ་ལས་ལི་ཧའེ་ཡི་གསར་གཏོད་ལག་རྩལ་འགྲེམས་སྟོན་དང་རྒྱལ་སྤྱིའི་རླངས་འཁོར་འགྲེམས་
སྟོན་ནང་ཞུགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་14ཉིན། 13:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་ཏུར་མེན་སི་ཐན་གྱི་གྲོང་ཁྱེར་ཏུར་མེན་མན་པ་ཤིས་ནས་ཟླ་8ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཚེས་11ཉིན། དུས་ཡུན་ཉིན་གཉིས་ཀྱི་ལི་ཧའེ་ཡི་གསར་གཏོད་ལག་རྩལ་འགྲེམས་སྟོན་དང་རྒྱལ་སྤྱིའི་རླངས་འཁོར་འགྲེམས་སྟོན་ཏུར་མེན་སི་ཐན་གྱི་པར་ཁན་ཀྲོའུ་ཡི་གྲུ་ཁའི་གྲོང་ཁྱེར་ཏུར་མེན་མན་པ་ཤིས་སུ་འགོ་ཚུགས་པ་དང་། ཀྲུང་གོ་རྡོ་སྣུམ་རང་བྱུང་སོལ་རླངས་ཚོགས་པ་ཚད་ཡོད་ཀུང་སི་དང་ཧྭ་ཝེའི་ལག་རྩལ་ཚད་ཡོད་ཀུང་སི་སོགས་ཚུད་པའི་ཕྱི་རྒྱལ་གྱི་ཁེ་ལས་57དང་ཏུར་མེན་སི་ཐན་གྱི་ཁེ་ལས་མང་པོ་འགྲེམས་སྟོན་ནང་ཞུགས་ཡོད་པ་རེད།