འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་14ཉིན།

༄༅།།ཁམ་ཕུ་ཁྲེའི་སློབ་མ་185ལ་2019ལོའི་ཀྲུང་གོ་སྲིད་གཞུང་གི་སྦྱངས་འབྲས་ལེགས་ཐོན་
བྱ་དགའི་དངུལ་རག་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་14ཉིན། 13:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཕ་ནོམ་ཕེན་ནས་ཟླ་8ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཁམ་ཕུ་ཁྲེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ཚེས་12ཉིན་2019ལོའི་ཀྲུང་གོ་སྲིད་གཞུང་གི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་དང་ཁམ་ཕུ་ཁྲེའི་སློབ་མར་སློབ་ཚུད་བརྡ་ཐོ་སྤྲོད་པའི་མཛད་སྒོ་གཉེར་བ་རེད། ཁམ་ཕུ་ཁྲེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཝང་ཝུན་ཐེན་དང་། ཁམ་ཕུ་ཁྲེའི་སློབ་གསོ་དང་ན་གཞོན་དང་དེ་བཞིན་ལུས་རྩལ་པུའི་རྒྱལ་དོན་དྲུང་ཡིག་གཡོད་ཁོ་ནུའོ་དབྱི་མཛད་སྒོར་ཞུགས་པ་དང་འབྲེལ་སློབ་མ་གསར་པའི་འཐུས་མིར་སློབ་ཚུད་བརྡ་ཐོ་སྤྲད་པ་རེད།
    ཝང་ཝུན་ཐེན་གྱིས་དང་ཐོག་ཀྲུང་གོ་སྲིད་གཞུང་གི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་རག་པའི་ཁམ་ཕུ་ཁྲེའི་སློབ་མ་185ལ་རྟེན་འབྲེལ་ཞུས་གནང་ཞིང་། ཁོང་གིས་ཀྲུང་གོར་ཕྱི་སྦྱོང་སློབ་མ་བྱེད་པར་འགྲོ་བ་ནི་ཀྲུང་གོ་དང་ཁམ་ཕུ་ཁྲེའི་མཛའ་གྲོགས་བྱ་གཞག་གི་དགོས་མཁོ་དང་། ཁམ་ཕུ་ཁྲེའི་རྒྱལ་ཁབ་འཛུགས་སྐྲུན་གྱི་དགོས་མཁོ། སློབ་གྲོགས་རྣམས་ཀྱི་རང་ངོས་འཕེལ་རྒྱས་ཀྱི་དགོས་མཁོ་བཅས་ཡིན། སློབ་གྲོགས་རྣམས་ཀྱིས་ཤེས་བྱ་དང་འཇོན་ཐང་ཆེ་རུ་་ཧུར་ཐག་བཏང་ནས་མ་འོངས་པར་རྒྱལ་ཁབ་འཕེལ་རྒྱས་དང་འཛུགས་སྐྲུན་གྱི་ལས་འགན་གལ་ཆེན་ཕྲག་ཏུ་ཁུར་ཏེ་ཀྲུང་གོ་དང་ཁམ་ཕུ་ཁྲེ་རྒྱལ་ཁབ་གཉིས་དབར་གྱི་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་དང་མཛའ་གྲོགས་ཟབ་གཏོང་གི་ཟམ་པ་དང་སྦྲེལ་ཐག་ལྟ་བུར་འགྱུར་བ་བྱེད་དགོས་ཞེས་བརྗོད།
    གཡོད་ཁོ་ནུའོ་དབྱིས་ཁམ་ཕུ་ཁྲེ་སྲིད་གཞུང་གི་ཚབ་བྱས་ནས་ཀྲུང་གོ་ཕྱོགས་ཀྱིས་བསྟུད་མར་ལོ་མང་རིང་ཁམ་ཕུ་ཁྲེའི་སློབ་མར་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་སྤྲད་པར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཀྲུང་གོར་བསྐྱོད་མཁན་ཕྱི་སྦྱོང་སློབ་མ་ཚོས་སློབ་གྲྭ་འགྲིམ་རིང་འབད་བརྩོན་ཆེན་པོས་སློབ་སྦྱོང་དང་རྒྱལ་ཁབ་ཏུ་ཕྱིར་ལོག་བྱས་རྗེས་རྒྱལ་ཁབ་འཛུགས་སྐྲུན་དང་ཁམ་ཀྲུང་མཛའ་གྲོགས་ཀྱི་བྱ་གཞག་ནང་ཧུར་ཐག་ཞུགས་རྒྱུའི་རེ་བའང་བཏོན་པ་རེད།