འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་13ཉིན།

༄༅༎མཚོ་རླུང“ལི་ཆི་མ”ཡི་ཁྲོད་ཀྲེ་ཅང་དུ་མི་39རྐྱེན་ལམ་དུ་ཤོར་བ་དང་། མི་9གར་སོང་ཆ་མེད་དུ་གྱུར་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་13ཉིན། 13:29】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎མཚོ་རླུང“ལི་ཆི་མ”ཡི་ཁྲོད་ཀྲེ་ཅང་དུ་མི་39རྐྱེན་ལམ་དུ་ཤོར་བ་དང་། མི་9གར་སོང་ཆ་མེད་དུ་གྱུར་བ།
     མི་དམངས་དྲ་བའི་འཕྲིན། ཀྲེ་ཅང་ཞིང་ཆེན་གེགས་འགོག་བཀོད་འདོམས་པུའུ་ཡི་གྲངས་གཞིར་གཞིགས་ན། ཟླ་8ཚེས་12ཉིན་གྱི་ཆུ་ཚོད་7པ་བར། མཚོ་རླུང་དྲག་པོ“ལི་ཆི་མའི”དོན་རྐྱེན་ཁྲོད་མི་ཁྲི་667.9ལ་གནོད་འཚེ་ཕོག་པ་དང་། གནོད་འཚེའི་རྐྱེན་གྱིས་མི་39རྐྱེན་ལམ་དུ་ཤོར་བ་དང་། མི་9གར་སོང་ཆ་མེད་དུ་གྱུར། མི་ཁྲི་126(དེའི་ནང་གཅིག་སྡུད་བཀོད་སྒྲིག་མི་ཁྲི་55.4ཡོད་པ)འཕྲལ་མར་གནས་སྤོ་བཀོད་སྒྲིག་བྱས་པ་དང་། གནོད་འཚེ་ཕོག་པའི་ཞིང་ལས་སྐྱེ་དངོས་ཀྱི་རྒྱ་ཁྱོན་སྤྱི་ཆིང་ཁྲི་23.4ཟིན་པ། ཁང་པ་ཁྲི་4.1(དེའི་ནང་ཁང་པ་4150བརྡིབས་པ)གནོད་སྐྱོན་ཕོག་ཡོད་པ་རེད།
【1】  【2】
༄༅༎མཚོ་རླུང“ལི་ཆི་མ”ཡི་ཁྲོད་ཀྲེ་ཅང་དུ་མི་39རྐྱེན་ལམ་དུ་ཤོར་བ་དང་། མི་9གར་སོང་ཆ་མེད་དུ་གྱུར་བ།