འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་13ཉིན།

༄༅༎རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཤང་ཀང་དང་ཨའོ་མོན་གཞུང་དོན་ཁང་གི་མགྲིན་ཚབ་པས་ཤང་ཀང་གི་གཏུམ་སྤྱོད་པ་
ཉུང་ཤས་ཀྱིས་རླངས་སྣུམ་འབར་མདེལ་དབྱུགས་ནས་ཉེན་རྟོག་པར་འཇབ་རྒོལ་བྱས་པར་རྒོལ་གཏམ་དྲག་པོ་བཏང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་13ཉིན། 13:28】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
ཟླ་8ཚེས་12ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཤང་ཀང་དང་ཨའོ་མོན་གཞུང་དོན་ཁང་གི་མགྲིན་ཚབ་པ་དབྱང་ཀོང་གིས་པེ་ཅིང་དུ་ཚེས་11ཉིན་གྱི་དགོང་མོར་ཤང་ཀང་གི་གཏུམ་སྤྱོད་པ་ཉུང་ཤས་ཀྱིས་ས་ཆ་མང་པོར་ཉེན་རྟོག་པར་རླངས་སྣུམ་འབར་མདེལ་དབྱུགས་ནས་ཉེན་རྟོག་པ་འཚིག་རྨས་བྱུང་བའི་དོན་རྐྱེན་བཟོས་པའི་ཐད་རྣམ་འགྱུར་གསལ་པོ་བསྟན་ནས་ཁྲིམས་འགལ་ཉེས་གསོག་ཚབས་ཆེན་སྤེལ་མཁན་གཏུམ་སྤྱོད་པར་རྒོལ་གཏམ་དྲག་པོ་བཏང་བ་རེད།
ཟླ་8ཚེས་12ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཤང་ཀང་དང་ཨའོ་མོན་གཞུང་དོན་ཁང་གི་མགྲིན་ཚབ་པ་དབྱང་ཀོང་གིས་པེ་ཅིང་དུ་ཚེས་11ཉིན་གྱི་དགོང་མོར་ཤང་ཀང་གི་གཏུམ་སྤྱོད་པ་ཉུང་ཤས་ཀྱིས་ས་ཆ་མང་པོར་ཉེན་རྟོག་པར་རླངས་སྣུམ་འབར་མདེལ་དབྱུགས་ནས་ཉེན་རྟོག་པ་འཚིག་རྨས་བྱུང་བའི་དོན་རྐྱེན་བཟོས་པའི་ཐད་རྣམ་འགྱུར་གསལ་པོ་བསྟན་ནས་ཁྲིམས་འགལ་ཉེས་གསོག་ཚབས་ཆེན་སྤེལ་མཁན་གཏུམ་སྤྱོད་པར་རྒོལ་གཏམ་དྲག་པོ་བཏང་བ་རེད།
     མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་12ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཤང་ཀང་དང་ཨའོ་མོན་གཞུང་དོན་ཁང་གི་མགྲིན་ཚབ་པ་དབྱང་ཀོང་གིས་པེ་ཅིང་དུ་ཚེས་11ཉིན་གྱི་དགོང་མོར་ཤང་ཀང་གི་གཏུམ་སྤྱོད་པ་ཉུང་ཤས་ཀྱིས་ས་ཆ་མང་པོར་ཉེན་རྟོག་པར་རླངས་སྣུམ་འབར་མདེལ་དབྱུགས་ནས་ཉེན་རྟོག་པ་འཚིག་རྨས་བྱུང་བའི་དོན་རྐྱེན་བཟོས་པའི་ཐད་རྣམ་འགྱུར་གསལ་པོ་བསྟན་ནས་ཁྲིམས་འགལ་ཉེས་གསོག་ཚབས་ཆེན་སྤེལ་མཁན་གཏུམ་སྤྱོད་པར་རྒོལ་གཏམ་དྲག་པོ་བཏང་བ་རེད།
     དབྱང་ཀོང་གིས། ཚེས་11ཉིན་གྱི་དགོང་མོ། གཏུམ་སྤྱོད་པ་ཉུང་ཤས་ཤིག་གིས་ཤང་ཀང་གི་ཁྲང་ཧྲ་དབན་ཉེན་རྟོག་ཧྲུའུ་དང་། ཅན་ཧྲ་ཅུས་ཉེན་རྟོག་ཧྲུའུ། ཝན་ཙེ་ཉེན་རྟོག་སྤྱི་ཁྱབ་པུའུ་སོགས་ས་ཆ་མང་པོར་ཉེན་རྟོག་པར་རླངས་སྣུམ་འབར་མདེལ་དབྱུགས་པས་ཉེན་རྟོག་པར་ཚིག་རྨས་བྱུང་ཡོད་པ་རེད། སྨྱོ་ཧམ་ཆེ་བ་དང་མཇུག་འབྲས་ལ་བསམ་བློ་མི་གཏོང་བའི་ཉེས་གསོག་བྱ་སྤྱོད་ཚབས་ཆེན་དེ་རིགས་ལ་ང་ཚོས་ཁོང་ཁྲོ་ཆེན་པོ་དང་རྒོལ་གཏམ་དྲག་པོ་གཏོང་རྒྱུ་ཡིན། དུས་མཚུངས་ང་ཚོས་རྨས་སྐྱོན་ཕོག་པའི་ཉེན་རྟོག་པར་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད།
     དབྱང་ཀོང་གིས་ཤང་ཀང་གི་ཉེན་རྟོག་རུ་ཁག་ནི་ཤང་ཀང་གི་སྤྱི་ཚོགས་བདེ་འཇགས་དང་ཁྲིམས་སྐྱོང་ལ་སྲུང་སྐྱོང་བྱེད་མཁན་རྐང་འཛིན་སྟོབས་ཤུགས་ཤིག་ཡིན། ཟླ་བ་གཉིས་ལྷག་ཙམ་རིང་། ཤང་ཀང་གི་ཉེན་དོན་མི་སྣས་རང་འགན་གཙང་སྒྲུབ་དང་ཁྲིམས་ལྟར་འགན་འཁྲི་བསྒྲུབས་ནས་གཏུམ་སྤྱོད་བཀག་འགོག་གི་འཐབ་ས་དང་པོར་ཐོན་ཏེ་ཆེད་ལས་ཀྱི་བཟོད་སྒོམ་དང་ལེགས་སྐྱེས་གལ་ཆེན་ཕུལ་བ་ཚང་མས་མཐོང་གསལ་ཡིན་པས། རྒྱ་ཆེའི་ཤང་ཀང་གི་གྲོང་མི་ཚུད་པའི་ཞི་བདེ་བརྟན་ལྷིང་ལ་དགའ་ཞེན་བྱེད་མཁན་ཡོངས་ཀྱི་བསྔགས་བརྗོད་དང་བླ་ན་མེད་པའི་གུས་བཀུར་ཐོབ་ཡོད། འོན་ཀྱང་ཉིན་ཤས་བསྟུད་མར། ཤང་ཀང་གི་དྲག་སྐྱོད་རྔམ་སྟོན་པས་ཉེན་ཁ་ཤིན་ཏུ་ཆེ་བའི་ཡོ་བྱད་ལ་བརྟེན་ནས་ཉེན་རྟོག་པར་ཚུར་རྒོལ་ཡང་ཡང་བྱས་པས་ཚབས་ཆེའི་དྲག་ཤུགས་ཀྱི་ཉེས་པ་བསགས་ཡོད་པ་དང་འབྲེལ་འཇིགས་སྐུལ་རིང་ལུགས་ཀྱི་མགོ་བོ་འབུས་འགོ་ཚུགས་ཡོད། དེ་ནི་ཤང་ཀང་གི་ཁྲིམས་སྐྱོང་དང་སྤྱི་ཚོགས་སྒྲིག་ལམ་ལ་རྩུབ་སྤྱོད་ཀྱིས་རྡོག་རོལ་གཏོང་བ་ཞིག་ཡིན་ཞིང་། ཤང་ཀང་གི་གྲོང་མིའི་ཚེ་སྲོག་བདེ་འཇགས་ལ་འཇིགས་སྐུལ་ཚབས་ཆེན་བཟོས་པ་ཞིག་དང་ཤང་ཀང་གི་དར་རྒྱས་བརྟན་ལྷིང་ལ་འགྲན་སློང་ཚབས་ཆེན་བྱས་པ་ཞིག་ཡིན། འདི་ལྟ་བུའི་གཏུམ་སྤྱོད་ཉེས་གསོག་གི་སྤྱོད་ངན་ལ་ངེས་པར་དུ་བློ་ཐག་ཆོད་པོས་ཁྲིམས་ལྟར་རྡུང་རྡེག་གཏོང་དགོས་ལ། སྙིང་རྗེ་སྤུ་ཙམ་ཡང་བྱེད་མི་རུང་། ང་ཚོས་ཤང་ཀང་གི་ཉེན་རྟོག་རུ་ཁག་དང་ཁྲིམས་འཛིན་སྒྲིག་གཞིས་འཕྲལ་ཐག་ཆོད་པོས་ཁྲིམས་བསྟར་དང་ཁྲིམས་འཛིན་ནན་པོ་བྱས་ནས་ཁྲིམས་འགལ་ཉེས་ཅན་ཁྲིམས་ལ་གང་མགྱོགས་སྦྱོར་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
     དབྱང་ཀོང་གིས“ངས་ཀྱང་འདི་གར་རེ་འབོད་བྱ་རྒྱུར། ཤང་ཀང་འགག་རྩའི་དུས་སྐབས་གལ་ཆེན་ཞིག་ལ་སླེབས་ཡོད་པས། ཤང་ཀང་གི་མདུན་ལམ་ལ་སེམས་ཁུར་བྱེད་མཁན་ཚང་མས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཡར་ལངས་ཏེ་ཉེས་གསོག་གི་སྤྱོད་ངན་མཐའ་དག་ལ་ངོ་རྒོལ་བྱེད་པ་དང་། དྲག་ཤུགས་པ་མཐའ་དག་ལ་ངོ་རྒོལ་བྱེད་དགོས། གཏུམ་སྤྱོད་བཀག་འགོག་དང་སྒྲིག་ལམ་སླར་གསོ་བྱ་རྒྱུ་དེ་མིག་སྔའི་ཤང་ཀང་གི་གང་ལས་ལྷག་པའི་ལས་འགན་གལ་ཆེ་ཤོས་དང་དགོས་གཏུག་ཆེ་ཤོས་དེ་ཡིན།