འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་13ཉིན།

༄༅།།དབྱར་གསེང་རིང་སྒྲིག་འགལ་ངང་གསབ་ཁྲིད་བྱེད་རིགས་བཅོས་སྒྲིག་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་13ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ནན་ཁྲང་ནས་ཟླ་8ཚེས་10ཉིན་གློག་འཕྲིན་འབྱོར་གསལ། དབྱར་གསེང་རིང། སྒྲིག་འགལ་ངང་གསབ་ཁྲིད་བྱེད་རིགས་ལ་དམིགས་ནས། ཅང་ཤིས་ཞིང་ཆེན་སློབ་གསོ་ཐིང་གིས་མངོན་ཞིབ་ལྐོག་འདྲི་བྱས་ཏེ། སྒྲིག་འགལ་ངང་གསབ་ཁྲིད་བྱེད་པའི་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱས་ཡོད་པ་རེད།
     ཟླ་7པའི་ཟླ་སྨད་དུ། ཅང་ཤིས་ཞིང་ཆེན་སློབ་གསོ་ཐིང་གིས་ལས་དོན་ཚོགས་ཆུང་4མངགས་ནས། འཕྲལ་སྒྲུབ་ཞིབ་བཤེར་དང་འདྲི་རྩད་སོགས་ཀྱི་བྱེད་ཐབས་སྤྱད་དེ། ཞིང་ཆེན་དེ་ཡོངས་ཀྱི་ཆུས་དང་གྲོང་ཁྱེར་11ལ་དབྱར་གསེང་རིང་སྒྲིག་འགལ་ངང་གསབ་ཁྲིད་བྱེད་རིགས་ལ་མངོན་ཞིབ་ལྐོག་འདྲི་བྱས་ནས། ཁྱོན་རྫོང(གྲོང་ཁྱེར་དང་ཆུས)45ཡི་སློབ་གྲྭ་འབྲིང་ཆུང་97ལ་ཞིབ་བཤེར་བྱས་པ་རེད། ཞིབ་བཤེར་གྱི་སྤྱི་ཡོངས་ཀྱི་གནས་ཚུལ་ལས་བལྟས་ན། ས་གནས་དང་སློབ་གྲྭ་རེ་གཉིས་ཀྱིས་མཐོ་འབྲིང་ལོ་རིམ་གསུམ་པ་དང་དམའ་འབྲིང་ལོ་རིམ་གསུམ་པ་མིན་པའི་སློབ་མར་གསབ་ཁྲིད་བྱས་ཏེ། སྒྲིག་འགལ་ངང་གསབ་ཁྲིད་སློབ་མའི་ས་ནས་གྲོན་དངུལ་བསྡུས་པ་དང་། སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞིར་སློབ་ཁྲིད་བྱ་ཡུལ་མཁོ་འདོན་བྱས་ཡོད་པ་རེད།
     ཅང་ཤིས་ཞིང་ཆེན་སློབ་གསོ་ཐིང་ལྐོག་འདྲི་ཚོགས་ཆུང་གིས་བཅོས་སྒྲིག་བརྡ་ཐོ་བཏང་ནས། སྒྲིག་འགལ་ངང་གསབ་ཁྲིད་བྱ་རྒྱུ་མཚམས་འཇོག་དང་སྒྲིག་འགལ་ངང་བསྡུས་པའི་གྲོན་དངུལ་ཕྱིར་སློག་བྱེད་དགོས་པའི་བཀའ་བཏང་བ་དང་ཆབས་ཅིག ས་གནས་ཁག་གི་སློབ་གསོ་ཅུས་ཀྱིས་མུ་མཐུད་ཕན་འབྲས་རྗེས་འདེད་དང་བཅོས་སྒྲིག་དོན་འཁྱོལ་ལ་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་དབྱར་གསེང་རིང་སྒྲིག་འགལ་ངང་གསབ་ཁྲིད་བྱེད་པའི་སྣང་ཚུལ་བཀག་འགོག་ནུས་ལྡན་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
    ཤེས་རྟོགས་བྱུང་བར་གཞིགས་ན། ཅང་ཤིས་ཞིང་ཆེན་སློབ་གསོ་ཐིང་གིས་རེས་སྐོར་གཉིས་པའི་མངོན་ཞིབ་ལྐོག་འདྲི་བྱས་ཏེ། སྒྲིག་འགལ་ངང་གསབ་ཁྲིད་བྱེད་པ་དང་གྲོན་དངུལ་བསྡུ་བའི་བྱེད་སྤྱོད་ལ་བཅོས་སྒྲིག་བྱ་རྒྱུ་ཡིན་པ་རེད།