འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་13ཉིན།

༄༅༎མཁའ་དབྱིངས་སུ་རྒྱུ་བའི་གློག་དྲ་འཛུགས་སྐྲུན་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་13ཉིན། 09:44】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

འདི་ལོའི་ཟླ་6པའི་ཟླ་འགོར་རྒྱལ་ཁབ་གློག་དྲ་ཡུལ་ཤུལ་གློག་གཏོང་ཀུང་སིས་གློག་དྲའི་ལས་གྲྭ་འཛུགས་སྐྲུན་གྱི་འགག་སྒྲོལ་དམག་འཐབ་ཆེན་པོ་རྒྱག་འགོ་བཙུགས་པ་རེད། གཙང་གསུམ་ཆུ་འགོའི་ལྟེ་བའི་སྲུང་སྐྱོང་ཁུལ་གྱི་ཉམས་ཞན་གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་ཆེད། ཨར་སྐྲུན་རྒྱུ་ཆ་ཚང་མ་དྲེལ་གྱིས་དབོར་གྱི་ཡོད།

     མ་གཞི་དབྱར་ཁ་ཡིན་རུང་། དྲོད་ཚད་ཧོབ་སྟེ་ཧྲེ་ཧྲི་ཏུའུ་ཀླད་ཀོར་བར་ཆག་པས་ས་བབ་མཐོ་ཚད་སྨི་4400ལྷག་ཙམ་ཡོད་པའི་རི་རྩེར་ལས་ཀ་བྱེད་སྐབས་སྲིང་བལ་གྱོན་གོས་གྱོན་ནའང་སྔར་བཞིན་འཁྱག་འདར་ཤོར་གྱི་ཡོད།
     འཛུགས་སྐྲུན་བྱེད་མཁན་ཚོས་དཀའ་ཚེགས་ཆེ་བའི་ཁོར་ཡུག་ལ་མི་སྐྲག་པར། ཆ་སྙོམས་ས་བབ་མཐོ་ཚད་སྨི་4000ལྷག་ཙམ་ཡོད་པའི་ས་མཐོར་འབད་འཐབ་བྱས་ཏེ། གློག་དྲ་རྒྱུན་ཆད་མེད་པར་རྩྭ་ཐང་གི་དབུས་སུ་སྣུར་སྲིང་བྱས་ཤིང་། འདི་ནི་ཟླ་8ཚེས་10ཉིན་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་འབྲི་སྟོད་རྫོང་རྒྱལ་རྗེ་ཕོ་བྲང་སྐེད་གྲོང་རྡལ་ས་ཁོངས་ཀྱི་ས་བབ་མཐོ་ཚད་སྨི་4400ལྷག་ཙམ་ཡོད་པའི་གློག་དྲའི་འཛུགས་སྐྲུན་ལས་ཡུལ་དུ་རྒྱལ་ཁབ་གློག་དྲ་ཡུལ་ཤུལ་གློག་གཏོང་ཀུང་སིའི་ལས་དོན་མི་སྣས་རི་འཛེགས་ནས་ས་བབ་ལ་ལྟ་བཞིན་པ།