འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་13ཉིན།

༄༅༎མཚོ་སྔོན་གྱི“རྒྱལ་སྤྱིའི་སྐམ་མཚོའི་ཚོང་དོན་བགྲོད་ལམ་གསར་པ”ལྕགས་མཚོ་མཉམ་འདྲེན་གྱི་མེ་འཁོར་
རྟག་པར་གཏོང་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་13ཉིན། 09:41】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་8ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཚེས་11ཉིན་ཁིལ་འགྱུར་ཅཱ་དང་PCVརྒྱུ་ཆ་བྱུར་བུར་བླུགས་པའི་ལྕགས་ལམ་དང་མཚོ་ཐོག་མཉམ་འདྲེན་མེ་འཁོར་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གོར་མོ་གྲོང་ཁྱེར་ནས་ཐོན་པ་དེ་ལས། མཚོ་སྔོན་ཞིང་ཆེན་གྱི“རྒྱལ་སྤྱིའི་སྐམ་མཚོའི་ཚོང་དོན་བགྲོད་ལམ་གསར་པ”ལྕགས་ལམ་དང་མཚོ་ཐོག་མཉམ་འདྲེན་གྱི་མེ་འཁོར་རྟག་པར་གཏོང་འགོ་ཚུགས་པ་མཚོན་གྱི་ཡོད།
     མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གི་གནས་ཚུལ་ལྟར་ན། ལྕགས་ལམ་དང་མཚོ་ཐོག་མཉམ་འདྲེན་གྱི་དུས་གཏན་མེ་འཁོར་དེར་མཚོ་སྔོན་ཞིང་ཆེན་ཚྭ་ཁ་ཚོགས་པའི་ཁིལ་འགྱུར་ཅཱ་ཏུན་500དང་PVCརྒྱུ་ཆ་ཏུན་52བླུགས་ཏེ་ཀོང་ཤིས་ཆིན་ཀྲོའུ་གྲུ་ཁ་ནས་མ་ལེ་ཞི་ཡའི་ཁ་ཧྲེང་གྲུ་ཁ་དང་སི་རི་ལན་ཁའི་ཁོ་ལོན་པོ་གྲུ་ཁ་བར་སྐྱོད་མཁན་ཡིན་ཞིང་། དེ་ནི་མཚོ་སྔོན་གྱི་ལྕགས་ལམ་དང་མཚོ་ཐོག་མཉམ་འདྲེན་གྱི་དུས་གཏན་མེ་འཁོར་མ་ལེ་ཞི་ཡ་དང་སི་རི་ལན་ཁར་སྐྱོད་ཐེངས་དང་པོ་རེད།
     ངོ་སྤྲོད་བྱས་པར་གཞིགས་ན། དེ་ནི་རྒྱལ་ཡོངས་ཀྱི་རྫས་ལུད་ཕྱིར་གཏོང་གི་སྒོ་ཁྲལ་ཕྱོགས་ཡོངས་ནས་སྒོ་ཕྱེ་ཚུན། མཚོ་སྔོན་ཞིང་ཆེན་གྱི་ཁིལ་འགྱུར་ཅཱ་ཐོན་རྫས་མ་ལེ་ཞི་ཡར་གཏོང་ཐེངས་དང་པོ་རེད། “རྒྱལ་སྤྱིའི་སྐམ་མཚོའི་ཚོང་དོན་བགྲོད་ལམ་གསར་པས”མཚོ་སྔོན་ཞིང་ཆེན་དང་ཨེ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་དབར་ཚོང་དོན་ཤར་བགྲོད་ཀྱི་འབྲེལ་ཟམ་གསར་པ་ཞིག་བརྒྱབ་པ་མ་ཟད། རྒྱལ་སྤྱིའི་ཁྲོམ་རར་མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་ཀྱི་འགྲན་རྩོད་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད་པ་རེད།