འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་9ཉིན།

༄༅།།བོད་ལྗོངས་འདམ་གཞུང་གི་རྟ་རྒྱུག་དུས་ཆེན་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་09ཉིན། 14:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བོད་ལྗོངས་འདམ་གཞུང་གི་རྟ་རྒྱུག་དུས་ཆེན་འགོ་ཚུགས་པ།
    མི་དམངས་དྲ་བའི་འཕྲིན། ལོ་ངོ་300ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་“འདམ་སྤྱི་རིམ་”རྟ་རྒྱུག་དུས་ཆེན་གྱི་འགོ་ཚུགས་མཛད་སྒོ་དེ་ཟླ་8ཚེས་8ཉིན་བོད་ལྗོངས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་དུ་སྤེལ་བ་རེད། ས་གནས་དེ་གའི་སྐད་གྲགས་ཆེ་བའི་སྲོལ་རྒྱན་དུས་ཆེན་ཞིག་ཡིན་པའི་ཆ་ནས། གཟའ་འཁོར་གཅིག་རིང་རྟ་རྒྱུག་འགྲན་བསྡུར་དང་། རིག་རྩལ་འཁྲབ་སྟོན། རྩལ་འགྲན། ཚོང་འདུས་སོགས་གཞི་གཅིག་ཏུ་སྤེལ་གྱི་ཡོད།
 ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ལོའི་དུས་རབས་17པར། སོག་པོའི་ཧོ་སའོ་སྡེ་པའི་འགོ་གཙོ་གོ་ཤྲི་ཧན་གྱིས་སྡེ་པའི་སྣེ་འཁྲིད་དེ་བོད་དུ་བསྐྱོད་སྐབས། ལྷ་སའི་ནུབ་བྱང་རྒྱུད་ཀྱི་རྩྭ་ཐང་བདམས་ནས་དམག་རྟ་གསོ་ས་བྱས། གནས་དེའི་རྩྭ་ཆུ་འཛོམས་པས། མིང་ལ་འདམ་གཞུང་ཞེས་བཏགས། དེའི་གོ་དོན་ནི་ཞིབ་ཚགས་ངང་བདམས་པའི་རྩྭ་ར་ཞེས་པ་དེ་ཡིན། སོག་པོའི་རྟ་དམག་གིས་ལོ་གཅིག་དུས་གཅིག་གི་གཟིགས་ཞིབ་བྱེད་སྒོ་སྤེལ་བ་དེ་ད་ལྟའི་རྟ་རྒྱུག་དུས་ཆེན་གྱི་ཡོང་ཁུངས་ཡིན།
【1】  【2】
༄༅།།བོད་ལྗོངས་འདམ་གཞུང་གི་རྟ་རྒྱུག་དུས་ཆེན་འགོ་ཚུགས་པ།