འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་8ཉིན།

༄༅།།《ཨ་ཁུ་སྟོན་པ》ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ནས་སྟོན་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་08ཉིན། 13:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།《ཨ་ཁུ་སྟོན་པ》ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ནས་སྟོན་འགོ་ཚུགས་པ།
    མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཀྱིས་བཏོན་པའི་ཀོག་ཕིག་གློག་བརྙན་རིང་གྲས་ཐོག་མ་《ཨ་ཁུ་སྟོན་པ》ཟླ་8ཚེས་7ཉིན་ནས་བཟུང་། གཟའ་འཁོར་རེའི་གཟའ་པ་སངས་ཀྱི་དགོང་མོའི་ཆུ་ཚོད་18:00-20:00བར་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་བྱིས་པའི་འཕྲིན་ལམ་ནས་སྟོན་རྒྱ་རེད། འདི་ནི་བོད་རང་སྐྱོང་ལྗོངས་ཀྱི་ཀོག་ཕིག་གློག་བརྙན་བརྩམས་ཆོས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ནས་སྟོན་ཐེངས་དང་པོ་རེད། དེ་སྔོན་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ནས་ཚོད་གཏོང་ཐེངས་དང་པོ་བྱས་པར། བྱིས་པ་ཚོའི་དགའ་བསུ་ཆེན་པོ་ཐོབ་ཡོད།
    ཀོག་ཕིག་གློག་བརྙན་འདི་ནི་བོད་ལྗོངས་ཀྱི་ས་གནས་དེ་རང་གི་ཁེ་ལས་བོད་ལྗོངས་ཐེན་ལི་དཔལ་འབྱོར་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སིས་གསར་རྩོམ་སྒྲིག་བཟོ་བྱས་ཤིང་། ཁྱོན་བསྡོམས་ལེའུ་52ཡོད་ཅིང་། བོད་ཀྱི་དམངས་ཁྲོད་ཀྱི་ངོ་མཚར་ཆེ་བའི་མི་སྣ་ཨ་ཁུ་སྟོན་པའི་གཏམ་རྒྱུད་བརྗོད་ཡོད། གློག་བརྙན་ནང་གི་སྐད་རིགས་དང་མི་སྣའི་གཟུགས་བརྙན། རྒྱབ་ལྗོངས་བཀོད་སྒྲིག མཚོན་མདོག རོལ་དབྱངས་སྒྲིག་བཀོད་སོགས་ཚང་མར་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་རྣམ་པ་སྤྱད་ཡོད་པས། མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་ཞིང་ཀོག་ཕིག་གི་རྣམ་པ་ལས་མངོན་པར་བྱས་པས།   ཕུན་སུམ་ཚོགས་པའི་བོད་ཀྱི་སྲོལ་རྒྱུན་རིག་གནས་སྔར་བས་འབུར་དུ་ཐོན་པ་བྱས་ཡོད།
 པར་འདི་ནི་ཨ་ཁུ་སྟོན་པ་དང་ཁོང་གི་གྲོགས་པོ་ཚོ་མཉམ་དུ་ཁང་པ་གསར་པའི་མདུན་དུ་ཡོད་པ།