མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཨེ་ཅིབ་ཀྱི་ཁེ་རོར་འཇིགས་སྐུལ་གྱི་འཇབ་རྒོལ་ཐོན་པའི་ཐད་ཨེ་ཅེབ་ཀྱི་ཙུང་ཐུང་སའེ་ཤིས་ལ་
སེམས་གསོའི་གློག་འཕྲིན་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་08ཉིན། 13:42】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་6ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཅིབ་ཀྱི་ཁེ་རོར་འཇིགས་སྐུལ་གྱི་འཇབ་རྒོལ་ཐོན་པའི་ཐད་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཤིས་ལ་སེམས་གསོའི་གློག་འཕྲིན་བཏང་གནང་བ་རེད།
     ཞི་ཅིན་ཕིང་གིས་སེམས་གསོའི་གློག་འཕྲིན་ནང་། ཁྱེད་ཚོའི་རྒྱལ་ཁབ་ཀྱི་རྒྱལ་ས་ཁེ་རོར་འཇིགས་སྐུལ་གྱི་འཇབ་རྒོལ་ཚབས་ཆེན་ཐོན་ནས་མི་སྣ་ཤི་རྨས་ཚབས་ཆེན་བྱུང་ཡོད་པ་གློ་བུར་དུ་ཤེས་རྟོགས་བྱུང་བས། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུ་པ་དང་འབྲེལ། ང་མི་སྒེར་གྱི་མིང་ཐོག་ནས་རྐྱེན་ལམ་དུ་ཤོར་བའི་མི་ལ་མྱ་ངན་ཟབ་མོ་ཞུ་རྒྱུ་ཡིན། རྨས་མ་དང་རྐྱེན་ལམ་དུ་ཤོར་བའི་མིའི་ནང་མིར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་དང་། རྨས་མ་རྣམས་སྔ་ཙམ་དྲག་སྐྱེད་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ལ། ཐེངས་འདིའི་འཇིགས་སྐུལ་གྱི་འཇབ་རྒོལ་ལ་རྒོལ་གཏམ་དྲག་པོ་གཏོང་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཅིབ་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་དང་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་བའི་འབད་བརྩོན་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

  
style="display:none;"