འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་8ཉིན།

༄༅།།བོད་ལྗོངས་འབྲོག་ཁུལ་དུ་འོ་མ་འཇོ་བའི་དུས་སླེབས་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་07ཉིན། 13:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བོད་ལྗོངས་འབྲོག་ཁུལ་དུ་འོ་མ་འཇོ་བའི་དུས་སླེབས་པ།
     མི་དམངས་དྲ་བའི་འཕྲིན། བོད་ལྗོངས་མངའ་རིས་ས་ཁུལ་རུ་ཐོག་རྫོང་སྟོད་མ་ཤང་ཕག་ཕྲུག་གོང་མ་འབྲོག་ལས་ས་ཚིགས་སུ། འབྲོག་པས་ར་མ་བརྒྱ་ཕྲག་མཉམ་དུ“བཏགས”ནས། འོ་མ་བཞོ་གྲབས་བྱེད་བཞིན་ཡོད། 
     དབྱར་དུས། བོད་ལྗོངས་འབྲོག་ཁུལ་དུ་ར་མའི་འོ་མ་འཇོ་བའི་དུས་ལ་སླེབས་པ་རེད། བོད་ལྗོངས་མངའ་རིས་ས་ཁུལ་རི་ཐོག་རྫོང་སྟོད་མ་ཤང་ཕག་ཕྲུག་གོང་མ་འབྲོག་ལས་ས་ཚིགས་སུ། ཡུལ་དེའི་འབྲོག་ལས་ཞིང་འབྲོག་མི་དམངས་ཆེད་ལས་མཉམ་ལས་ཁང་གི་འབྲོག་པ་ཚོས་ར་མའི་འོ་མ་འཇོ་བཞིན་ཡོད། 
    འོ་མ་འཇོ་དུས་ར་མའི་“གོ་རིམ”སྲུང་སྐྱོང་བྱ་ཆེད། འབྲོག་པ་ཚོས་འོ་མ་བཞོ་རྒྱུ་ཡིན་པའི་ར་མ་རིམ་པ་བཞིན་བཏགས་ནས། ཟོ་ཁུར་ནས་ར་མ་གོ་རིམ་བསྒྲིགས་པ་ལྟར་རིམ་བཞིན་འོ་མ་འཇོ་བཞིན་འདུག སྲོལ་རྒྱུན་གྱི་ལས་ཀ་བྱེད་སྟངས་འདི་རིགས་ནི་བོད་ལྗོངས་འབྲོག་ཁུལ་དུ་ལོ་ངོ་སྟོང་རིང་ལ་རྒྱུན་བསྲིངས་ཡོད། 
    མངའ་རིས་ས་ཁུལ་ནི་བོད་ལྗོངས་ཀྱི་འབྲོག་ལས་ཁུལ་གཙོ་བོ་ཞིག་ཡིན་ཞིང་། མངའ་རིས་ས་ཁུལ་ནས་ཐོན་པའི་མར་དང་ཞོ། ཤ་བཅས་བོད་ལྗོངས་ཀྱི་ས་ཆ་ཁག་ཏུ་འཚོང་བཞིན་ཡོད་ལ། དེ་ནི་ཡུལ་མི་ཚོའི་ཡོང་འབབ་ཀྱི་ཁུངས་གཙོ་བོའང་རེད། 
【1】  【2】  【3】
༄༅།།བོད་ལྗོངས་འབྲོག་ཁུལ་དུ་འོ་མ་འཇོ་བའི་དུས་སླེབས་པ།