འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་7ཉིན།

༄༅།།བྲག་དཀར་རྩྭ་ཐང་སྟེང་གི་བྱིས་པའི་སྤྲོ་སྣང་།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་07ཉིན། 13:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བྲག་དཀར་རྩྭ་ཐང་སྟེང་གི་བྱིས་པའི་སྤྲོ་སྣང་།
     མི་དམངས་དྲ་བའི་འཕྲིན། ལོ་10ལ་སོན་པའི་བཀྲ་ཤིས་དོན་གྲུབ་ནི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་གྱི་སློབ་སྡོད་སློབ་གྲྭའི་སློབ་མ་རེད། ལོ་རེའི་དབྱར་དུས་སུ། བཀྲ་ཤིས་དོན་གྲུབ་དང་ནུ་བོ་ནུ་མོ་ཚང་མ་འོམ་ཆུ་གྲོང་རྡལ་དཀོན་ལོག་ཚང་གོང་མ་གྲོང་ཚོར་དབྱར་གསེང་གཏོང་བར་འགྲོ་གི་ཡོད། བྲག་དཀར་རྩྭ་ཐང་གི་དབྱར་དུས་ནི་ཆེས་མཛེས་པའི་དུས་ཤིག་ཡིན། བྱིས་པ་ཆུང་ཆུང་ཚོས་གནས་དེར་ཁྱིམ་མི་ཚོར་འབྲོག་ལས་ཐད་རོགས་རམ་བྱེད་པ་དང་། ཁོམ་པ་ཡོད་དུས་སུ་བྱི་བ་དང་རི་བོང་བཟུང་ཞིང་། ནོར་གནག་དང་རྒྱུག་རྩོད་བྱས་ཏེ། ཕ་ཡུལ་གྱི་འབྲོག་རྭར་སྐྱིད་སྣང་དོད་པའི་དབྱར་སེང་གི་འཚོ་བ་རོལ་བཞིན་ཡོད་པ་རེད།
【1】  【2】  【3】  【4】
༄༅།།བྲག་དཀར་རྩྭ་ཐང་སྟེང་གི་བྱིས་པའི་སྤྲོ་སྣང་།