འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་6ཉིན།

༄༅༎ཡུན་ནན་གྱིས་ལོ་དྲུག་རིང་རིམ་རྩིས་བྱས་ན་དབུལ་པོ་མི་གྲངས་ཁྲི་625ཉུང་དུ་བཏང་བ།

དབུལ་པོར་འགྱུར་ཚད་རྒྱུན་ཆད་མེད་པར་ཆག་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་06ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཁུན་མིང་ནས་ཟླ་8ཚེས་3ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་བསྡོམས་རྩིས་ཅུས་ཡུན་ནན་བརྟག་དཔྱད་སྤྱི་ཁྱབ་རུ་ཁག་ནས་བཀྲམ་པའི་བརྟག་དཔྱད་གསར་ཤོས་ལས་མངོན་པ་ལྟར་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཡུན་ནན་གྱིས་གནད་སྨིན་དབུལ་སྐྱོར་གྱི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་ལོ་དྲུག་རིང་རིམ་རྩིས་བྱས་ན་དབུལ་པོ་མི་གྲངས་ཁྲི་625ཉུང་དུ་བཏང་བ་དང་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཆེས་ཆེར་ཉུང་དུ་ཕྱིན་ནས་དབུལ་པོར་འགྱུར་ཚད་རྒྱུན་ཆད་མེད་པར་ཆག་པ་རེད།
     བརྟག་དཔྱད་ལས་མངོན་པ་ལྟར་ན། ཡུན་ནན་ཞིང་ཆེན་གྱི་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་2012ལོའི་མི་ཁྲི་804ནས་2018ལོའི་མི་ཁྲི་179བར་ཉུང་དུ་སོང་བ་དང་རིམ་རྩིས་བྱས་ན་དབུལ་པོ་མི་གྲངས་ཁྲི་625ཉུང་དུ་ཕྱིན་པ་དང་ལོར་ཆ་སྙོམས་དབུལ་པོ་མི་གྲངས་ཁྲི་104ལྷག་ཙམ་ཉུང་དུ་སོང་ཡོད། གྲོང་གསེབ་ཀྱི་དབུལ་པོར་འགྱུར་ཚད་2012ལོའི་21.7%ནས་2018ལོའི་4.8%བར་ཆག་ནས་རིམ་རྩིས་བྱས་ན་བརྒྱ་ཆའི་གྲངས་16.9ཆག་པ་རེད།
     དུས་མཚུངས་ཡུན་ནན་ཞིང་ཆེན་གྱི་ས་ཁུལ་དབུལ་པོའི་གྲོང་གསེབ་ཀྱི་ཡུལ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་2012ལོའི་སྒོར་4749ནས་2018ལོའི་སྒོར་9595བར་འཕར་ཏེ་ལོར་ཆ་སྙོམས་12.4%འཕར་ཡོད་ཅིང་། 2018ལོར་ས་ཁུལ་དབུལ་པོའི་གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་ནི་ཞིང་ཆེན་དེ་ཡོངས་ཀྱི་གྲོང་གསེབ་ཀྱི་ཆ་སྙོམས་ཆུ་ཚད་སྒོར་10768ཀྱི་89.1%ཡིན་པ་དེ་2012ལོ་ལས་བརྒྱ་ཆའི་གྲངས་9མཐོ་རུ་ཕྱིན་ནས་ཞིང་ཆེན་དེ་ཡོངས་ཀྱི་གྲོང་གསེབ་ཀྱི་ཆ་སྙོམས་ཡོང་འབབ་ལས་བལྟོས་བཅས་སུ་ཧེ་བག་རྒྱུན་ཆད་མེད་པར་ཆུང་དུ་འགྲོ་བཞིན་ཡོད་པ་རེད།
     བརྟག་དཔྱད་ལས་ད་དུང་མངོན་པ་ལྟར་ན། ཡུན་ནན་ཞིང་ཆེན་གྱི་ས་ཁུལ་དབུལ་པོའི་གྲོང་གསེབ་ཀྱི་ཡུལ་མིའི་འབབ་འཕར་ནུས་པ་ཟམ་མི་ཆད་པར་མཐོ་རུ་སོང་བའི་ནང་2018ལོའི་ས་ཁུལ་དབུལ་པོའི་གྲོང་གསེབ་ཀྱི་ཡུལ་མི་རེའི་ཆ་སྙོམས་གླ་ཆའི་རང་བཞིན་གྱི་ཡོང་འབབ་དང་། མི་རེའི་ཆ་སྙོམས་གཉེར་སྐྱོང་གི་ཡོང་འབབ་ཁེ་གཙང་། མི་རེའི་ཆ་སྙོམས་གཞན་སྒྱུར་ཡོང་འབབ་ཁེ་གཙང་བཅས་གསུམ་ནི་སྒོར་3059དང་། སྒོར་4657 སྒོར་1799བཅས་སོ་སོར་ཟིན་པ་དེ་2012ལོའི་ལྡབ་2.7དང་། ལྡབ་1.6 ལྡབ་2.6བཅས་སོ་སོར་ཡིན་པ་རེད།