མི་དམངས་དྲ་བ།

༄༅༎ཀྲུའུ་ཞི་ཞི་ཅིན་ཕིང་གི་དམིགས་བསལ་ཕོ་ཉ་ཝང་ཏུང་མིང་མོ་རི་ཐ་ཉི་ཡའི་ཙུང་ཐུང་ཅ་ཙུའུ་ཝ་ཉིའི་འགན་བཞེས་མཛད་སྒོར་ཞུགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་02ཉིན། 13:46】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     མི་དམངས་དྲ་བའི་འཕྲིན། ནོ་ཝ་ཁ་ཆོ་ཐེ་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་8ཚེས་1ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་གི་དམིགས་བསལ་ཕོ་ཉ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཏུང་མིང་མོ་རི་ཐ་ཉི་ཡའི་རྒྱལ་ས་ནོ་ཝ་ཁ་ཆོ་ཐེ་རུ་གསར་དུ་བསྐོ་གཞག་བྱས་པའི་ཙུང་ཐུང་ཅ་ཙུའུ་ཝ་ཉི་ཡི་འགན་བཞེས་མཛད་སྒོར་ཞུགས་པ་དང་འབྲེལ། ཉིན་དེ་གར་ཅ་ཙུའུ་ཝ་ཉི་དང་མཇལ་འཛོམས་གནང་བ་རེད།
     ཝང་ཏུང་མིང་གིས་ཅ་ཙུའུ་ཝ་ཉིར་ཀྲུའུ་ཞི་ཞི་ཅིན་ཕིང་གི་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་སྨོན་འདུན་བཟང་པོ་ཞུ་ལུགས་བརྒྱུད་བསྒྲགས་གནང་བ་རེད། ཝང་ཏུང་མིང་གིས་ཀྲུང་མོའི་དབར་གྱི་སྲོལ་རྒྱུན་མཛའ་གྲོགས་ཟབ་ལ། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་མོ་རི་ཐ་ཉི་ཡ་ཕྱོགས་དང་མཉམ་དུ་ཀྲུང་མོའི་མཛའ་གྲོགས་མཉམ་ལས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་ཆེད་འབད་བརྩོན་ལྷོད་མེད་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
     ཅ་ཙུའུ་ཝ་ཉིས་ཝང་ཏུང་མིང་ལ་ཁོང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་ལུགས་བརྒྱུད་བསྒྲགས་གནང་རོགས་ཞུས་ཤིང་། ཁོང་གིས་ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོའི་ནང་མོ་རི་ཐ་ཉི་ཡའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་རྩ་ཆེའི་རྒྱབ་སྐྱོར་དང་རོགས་རམ་གནང་བར་མོ་རི་ཐ་ཉི་ཡ་ཕྱོགས་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ཁོང་གིས་ཙུང་ཐུང་གི་འགན་བཞེས་རྗེས་མོ་ཀྲུང་མཛའ་གྲོགས་མཉམ་ལས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་མུ་མཐུད་གཞོལ་ནས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་འབད་བརྩོན་ཧུར་ཐག་བྱེད་འདོད་ཡོད་ཅེས་བརྗོད་པ་རེད།
     དེ་གོང་ཝང་ཏུང་མིང་གིས་ད་དུང་ལས་འགན་ཕྱིར་ཐེན་བྱས་པའི་མོ་རི་ཐ་ཉི་ཡའི་ཙུང་ཐུང་ཨ་ཆི་ཙེ་དང་མཇལ་འཛོམས་གནང་ནས་ཁོང་ལ་ཀྲུའུ་ཞི་ཞི་ཅིན་ཕིང་གི་ངག་འཕྲིན་བརྒྱུད་བསྒྲགས་གནང་བ་རེད།

  
style="display:none;"