འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་2ཉིན།

༄༅།།"མི་གསུམ་"ནས་མི་བརྒྱ་བར། ཀྲུང་གོའི་མི་འབོར་ཉུང་ཤོས་ཀྱི་ཤང་ནས་སྐྱེ་སྟོབས་གསར་པ་མངོན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་02ཉིན། 13:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།"མི་གསུམ་"ནས་མི་བརྒྱ་བར། ཀྲུང་གོའི་མི་འབོར་ཉུང་ཤོས་ཀྱི་ཤང་ནས་སྐྱེ་སྟོབས་གསར་པ་མངོན་པ།
     མི་དམངས་དྲ་བའི་འཕྲིན། ཡུལ་སྨད་ཤང་ནི་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་དུ་གནས་ཤིང་། དེ་ནི་ཀྲུང་གོའི་མི་འབོར་ཉུང་ཤོས་ཀྱི་ཤང་ཞིག་རེད། 2017ལོའི་ཟླ་10ཚེས་28ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཤང་དེའི་གྲོང་མི་སྒྲོལ་དཀར་དང་གཡང་འཛོམས་གཉིས་ལ་འཕྲིན་ལན་སྤྲིངས་གནང་ནས། བོད་རང་སྐྱོང་ལྗོངས་ཀྱི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་ཧུར་བརྩོན་ཆེན་པོས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་། བདེ་སྐྱིད་ལྡན་པའི་ཁྱིམ་ཚང་འཛུགས་སྐྲུན་བྱེད་མཁན་བྱ་རྒྱུའི་སྐུལ་མ་བཏང་གནང་ཡོད། མིག་སྔར། ཡུལ་སྨན་ཤང་གི་རྨང་གཞིའི་སྒྲིག་བཀོད་ཁག་རིམ་བཞིན་འཐུས་སྒོ་ཚང་དུ་འགྲོ་བཞིན་ཡོད། ས་སྐྱེས་རྡོ་སྐྱེས་ཀྱི་ཁྱིམ་ཚང་9དང་གནས་སྤོས་ཁྱིམ་ཚང་47གྱི་མང་ཚོགས་ཚང་མ་ཁང་པ་གསར་པའི་ནང་སྤོས་ཟིན་ཞིང་། སྡོད་གནས་ཀྱི་ཆ་རྐྱེན་ལེགས་བཅོས་ཆེན་པོ་བྱུང་ཡོད་ལ། ཁྱིམ་ཚང་སོ་སོས་ཁང་མིག་ལྷག་མ་རེ་བཞག་ཡོད་པ་དེ་ཁྱིམ་ཚང་མགྲོན་ཁང་དང་ཚོང་ཁང་བྱ་རྒྱུ་ཡིན་པ་རེད། ཕྱིར་བསྐྱོད་པའི་ལམ་བུ་ད་ལྟར་ཛ་དྲག་ངང་བསྐྲུན་བཞིན་ཡོད་ཅིང་། སྔོན་བརྩིས་བྱས་ན་ད་ལོ་ལམ་ཤར་གཏོང་ཐུབ་རྒྱུ་རེད། ཡུལ་སྨད་ཤང་གི་སློབ་ཆུང་འཛུགས་སྐྲུན་འགག་རྩའི་དུས་སུ་སླེབས་ཡོད་ཅིང་། ད་ལོའི་ཟླ་དགུ་པར་སློབ་ན་སོན་པའི་བྱིས་པ་30ལྷག་ཙམ་སློབ་གྲྭར་ཞུགས་རྒྱུ་རེད། འདི་ནི་ཡུལ་སྨད་ཤང་གི་ཡུལ་ལྗོངས་ཡིན་པ།
【1】  【2】
༄༅།།"མི་གསུམ་"ནས་མི་བརྒྱ་བར། ཀྲུང་གོའི་མི་འབོར་ཉུང་ཤོས་ཀྱི་ཤང་ནས་སྐྱེ་སྟོབས་གསར་པ་མངོན་པ།