མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་དྲུག་པ་གཙོ་སྐྱོང་
གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་02ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ■ དམག་དོན་སྲིད་ཇུས་ལམ་ལུགས་ནི་རང་རེའི་ཏང་གིས་རྒྱལ་སྲིད་སྐྱོང་བའི་འགན་ལེན་གལ་ཆེན་ཞིག་ཡིན་པ་དང་། དམག་དོན་སྲིད་ཇུས་ལམ་ལུགས་སྒྱུར་བཅོས་ནི་རང་དམག་ལ་ལམ་ལུགས་རང་བཞིན་གྱི་བསྐྱར་སྒྲིག་བྱེད་པ་ཞིག་ཡིན་པས། དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་མངོན་འགྱུར་བྱེད་པ་དང་མི་དམངས་དམག་དཔུང་འདི་ཉིད་ཕྱོགས་ཡོངས་ནས་འཛམ་གླིང་ཐོག་གི་དམག་དཔུང་རྩེ་གྲ་ཞིག་ཏུ་གཏོད་པ་དང་འབྲེལ་བ་ཡོད་ལ། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་པ་དང་ཡང་འབྲེལ་བ་ཡོད། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ་དང་། བརྒྱུད་རིམ་ལྡན་པའི་འདུས་གྲུབ་ལ་ཤུགས་སྣོན་རྒྱག་པ། གསར་གཏོད་ཚད་བརྒལ་ལ་ཤུགས་སྣོན་རྒྱག་པ། དམག་དཔུང་དང་ས་གནས་ཀྱི་མཉམ་ཤུགས་ལ་ཤུགས་སྣོན་རྒྱག་པ། བསམ་བློ་དང་བྱ་སྤྱོད་སྔར་བས་གཅིག་གྱུར་ཡོང་བ་བྱེད་པ། སེམས་ནུས་གཅིག་སྒྲིལ་གྱིས་སྒྱུར་བཅོས་དང་དམག་དཔུང་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ་བཅས་བྱས་ནས་དུས་རབས་གསར་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་30ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་དམག་དོན་སྲིད་ཇུས་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་ཐད་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་དྲུག་པ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས། དམག་དོན་སྲིད་ཇུས་ལམ་ལུགས་ནི་རང་རེའི་ཏང་གིས་རྒྱལ་སྲིད་སྐྱོང་བའི་འགན་ལེན་གལ་ཆེན་ཞིག་ཡིན་པ་དང་། དམག་དོན་སྲིད་ཇུས་ལམ་ལུགས་སྒྱུར་བཅོས་ནི་རང་དམག་ལ་ལམ་ལུགས་རང་བཞིན་གྱི་བསྐྱར་སྒྲིག་བྱེད་པ་ཞིག་ཡིན་པས། དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་མངོན་འགྱུར་བྱེད་པ་དང་མི་དམངས་དམག་དཔུང་འདི་ཉིད་ཕྱོགས་ཡོངས་ནས་འཛམ་གླིང་ཐོག་གི་དམག་དཔུང་རྩེ་གྲ་ཞིག་ཏུ་གཏོད་པ་དང་འབྲེལ་བ་ཡོད་ལ། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་པ་དང་ཡང་འབྲེལ་བ་ཡོད། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ་དང་། བརྒྱུད་རིམ་ལྡན་པའི་འདུས་གྲུབ་ལ་ཤུགས་སྣོན་རྒྱག་པ། གསར་གཏོད་ཚད་བརྒལ་ལ་ཤུགས་སྣོན་རྒྱག་པ། དམག་དཔུང་དང་ས་གནས་ཀྱི་མཉམ་ཤུགས་ལ་ཤུགས་སྣོན་རྒྱག་པ། བསམ་བློ་དང་བྱ་སྤྱོད་སྔར་བས་གཅིག་གྱུར་ཡོང་བ་བྱེད་པ། སེམས་ནུས་གཅིག་སྒྲིལ་གྱིས་སྒྱུར་བཅོས་དང་དམག་དཔུང་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ་བཅས་བྱས་ནས་དུས་རབས་གསར་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
     ད་ཐེངས་ཀྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་དེ་བརྒྱད་གཅིག་དམག་འཛུགས་དུས་ཆེན་གྱི་སྔ་ནུབ་ཏུ་བྱས་པ་དང་། ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ནས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག ཡུལ་དམག་དང་གྲ་སྒྲིག་དམག་ཞབས་མི་སྣ་བཅས་ཡོངས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་རེད།
     དམག་དོན་ཚན་རིག་ཁང་གི་ཞིབ་འཇུག་པ་བློ་མཐུན་ཐན་ཡ་ཏུང་གིས་དམག་དོན་སྲིད་ཇུས་ལམ་ལུགས་སྒྱུར་བཅོས་ཐད་གསལ་འགྲེལ་བྱས་པ་དང་ཆབས་ཅིག་བསམ་འཆར་དང་གྲོས་འགོ་བཏོན་པ་རེད།
     ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་གསུང་བཤད་གནང་ཞིང་། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་ཀྲུང་གོའི་ཕུགས་འདུན་དང་དམག་དཔུང་སྟོབས་ཆེར་གཏོང་བའི་ཕུགས་འདུན་འགྲུབ་པར་དམིགས་ནས་རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་བྱེད་རྒྱུ་དེ་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཁྱོན་ཡོངས་ཀྱི་འཆར་གཞིའི་ནང་བཅུག་སྟེ་དམག་དཔུང་གི་འགོ་ཁྲིད་བཀོད་འདོམས་སྒྲིག་གཞི་སྒྱུར་བཅོས་སྔོན་ལ་བྱེད་པ་དང་དམག་དཔུང་གི་གཞི་ཁྱོན་གྲུབ་ཆ་དང་སྟོབས་ཤུགས་སྒྲིག་ཁོངས་སྒྱུར་བཅོས་ལ་རིམ་བཞིན་སྐུལ་འདེད་བཏང་ནས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་གི་སྒྲིག་གཞིའི་རང་བཞིན་གྱི་འགལ་རྐྱེན་དང་གྲུབ་ཆའི་རང་བཞིན་གྱི་འགལ་བ་ནུས་ལྡན་སྒོ་ནས་བསལ་བས་རང་དམག་གི་རྩ་འཛུགས་གྲུབ་ཆར་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད་ལ། སྟོབས་ཤུགས་ཀྱི་མ་ལག་ཐད་གསར་བརྗེའི་རང་བཞིན་གྱི་བསྐྱར་སྐྲུན་ཐུབ་ཡོད་ཅེས་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་ཀྲུང་དབྱང་དམག་ཨུད་ཀྱི་སྲིད་ཇུས་ལམ་ལུགས་ཀྱི་སྒྱུར་བཅོས་ལས་དོན་ཚོགས་འདུ་འཚོགས་ཚུན། དམག་དཔུང་གི་རིམ་པ་ཁག་གིས་སྒྲིག་འཛུགས་ཞིབ་ཚགས་དང་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་གཞོགས་འདེགས་ཧུར་ཐག་དང་རྒྱབ་སྐྱོར་ཤུགས་ཆེན་བྱས་པས་དམག་དོན་སྲིད་ཇུས་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་ཏན་ཏིག་དང་ནུས་ལྡན་བྱུང་ཡོད། སྒྱུར་བཅོས་ཀྱི་དམིགས་ཚད་ལ་དམིགས་ནས་གོ་སྐབས་ལ་དམ་འཛིན་བྱེད་པ་དང་། གདེང་ཚོད་བརྟན་དུ་གཏོང་བ། ངེས་ཤུགས་རྒྱུན་འཁྱོངས་བྱེད་པ། དཀའ་ངལ་སྔོན་བསུས་ཀྱིས་མདུན་དུ་སྐྱོད་པ་བཅས་བྱེད་དགོས་ཞེས་བསྟན་གནང་བ་རེད།
     ཞི་ཅིན་ཕིང་གིས་དམག་དོན་སྲིད་ཇུས་ལམ་ལུགས་སྒྱུར་བཅོས་ཀྱི་དམིགས་བསལ་རྙོག་འཛིང་རང་བཞིན་ཁོང་དུ་ཆུད་པར་བྱས་ཏེ་བརྒྱུད་རིམ་ལྡན་པའི་འདུས་གྲུབ་དེ་གཞི་རྩའི་འདུ་ཤེས་དང་རྩ་དོན་ལ་བརྩིས་ནས་གཏན་འཁེལ་བརྟན་པོ་བྱེད་དགོས། རྩེ་རིམ་ཇུས་འགོད་དང་རིམ་དབྱེ་སྦྲེལ་མཐུད་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་དམག་དོན་སྲིད་ཇུས་ལམ་ལུགས་མ་ལག་གི་སྒྲོམ་གཞིའི་འོག་སྒྱུར་བཅོས་ཁག་ལ་སྐུལ་འདེད་བཏང་ནས་གོང་འོག་གཡས་གཡོན་དང་ཕྱོགས་གང་ས་ཅི་ཐད་སྦྲེལ་མཐུད་ཡག་པོ་བྱས་ཏེ་སྒྱུར་བཅོས་སྤྱི་ཡོངས་མཉམ་འགུལ་གྱིས“རྫས་འགྱུར་གྱི་འགྱུར་འབྱུང”ཐོན་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་ད་ཐེངས་ཀྱི་དམག་དོན་སྲིད་ཇུས་ལམ་ལུགས་སྒྱུར་བཅོས་བྱེད་ཤུགས་ཆེ་བ་དང་གསར་གཏོད་རང་བཞིན་ཆེ་བས་བསམ་བློར་བཅིངས་འགྲོལ་བཏང་ནས་དུས་ཀྱི་དགོས་མཁོ་དང་མི་མཐུན་པའི་བསམ་བློ་དང་བྱེད་སྤྱོད་ཀྱི་འགལ་རྐྱེན་མཐའ་དག་བསལ་ཏེ་ཇུས་གསར་པ་འདོན་པ་དང་། ཐབས་གསར་པ་འདོན་པ། ལམ་གསར་པར་སྐྱོད་པ་བཅས་མཁས་པོ་བྱེད་དགོས། ཞིབ་འཇུག་དང་རིགས་པས་ཁུངས་སྐྱེལ་གཏིང་ཟབ་བྱེད་པ་དང་། གནད་དོན་ཆེ་རིགས་ལ་ཞིབ་འཇུག་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་གནས་ཚུལ་རྩད་ཞིབ་གསལ་པོ་བྱེད་པ་དང་། གནད་དོན་གྱི་འབྱུང་རྩ་འཚོལ་ཞིབ་གནད་འཁེལ་བྱེད་པ། ཐབས་ཇུས་གཏན་འཁེལ་ཏན་ཏིག་བྱེད་པ་བཅས་བྱས་ཏེ་སྒྱུར་བཅོས་གནད་ལ་འཁེལ་བ་དང་སྒྱུར་བཅོས་ཀྱི་སྤུས་ཚད་མཐོ་པོ་ཡོང་བ་བྱེད་དགོས་ཞེས་བསྟན་གནང་བ་རེད།
     ཞི་ཅིན་ཕིང་གིས་དམག་དོན་སྲིད་ཇུས་ལམ་ལུགས་སྒྱུར་བཅོས་ནི་དམག་དཔུང་དང་ས་གནས་ཕྱོགས་གཉིས་པོའི་ཐུན་མོང་གི་ལས་འགན་ཞིག་ཡིན་པས་སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། འགན་འཁྲི་ནན་དུ་གཏོང་བ། བསམ་ཇུས་གཅིག་གྱུར་ཆགས་པ། རྡོག་རྩ་གཅིག་སྒྲིལ་ཐུབ་པ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

  
style="display:none;"