འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་2ཉིན།

༄༅༎ཀྲུང་དབྱང་དམག་ཨུད་ཀྱིས་གཟི་བརྗིད་མཚན་སྙན་སྤྲོད་པའི་མཛད་སྒོ་འཚོགས་པ། 
ཞི་ཅིན་ཕིང་གིས་གཟེངས་རྟགས་དང་། ལག་ཁྱེར། གཟེངས་བསྟོད་དར་ཆ་བཅས་གནང་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་02ཉིན། 10:18】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
ཟླ་7ཚེས་31ཉིན་ཀྲུང་དབྱང་དམག་ཨུད་ཀྱིས་གཟི་བརྗིད་མཚན་སྙན་སྤྲོད་པའི་མཛད་སྒོ་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་པ་དང་། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གཟི་བརྗིད་མཚན་སྙན་ཐོབ་མཁན་མི་སྒེར་1ལ་གཟེངས་རྟགས་དང་ལག་ཁྱེར་གནང་བ་དང་། གཟི་བརྗིད་མཚན་སྙན་ཐོབ་མཁན་ཚན་པ་3ལ་གཟེངས་བསྟོད་དར་ཆ་གནང་ཞིང་། འདི་ནི་ཞི་ཅིན་ཕིང་གིས་གཟི་བརྗིད་མཚན་སྙན་ཐོབ་མཁན་མི་སྒེར་དང་ཚན་པའི་འཐུས་མི་དང་ལྷན་དུ་སྐུ་པར་སྒྲོན་བཞིན་པ།
ཟླ་7ཚེས་31ཉིན་ཀྲུང་དབྱང་དམག་ཨུད་ཀྱིས་གཟི་བརྗིད་མཚན་སྙན་སྤྲོད་པའི་མཛད་སྒོ་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་པ་དང་། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གཟི་བརྗིད་མཚན་སྙན་ཐོབ་མཁན་མི་སྒེར་1ལ་གཟེངས་རྟགས་དང་ལག་ཁྱེར་གནང་བ་དང་། གཟི་བརྗིད་མཚན་སྙན་ཐོབ་མཁན་ཚན་པ་3ལ་གཟེངས་བསྟོད་དར་ཆ་གནང་ཞིང་། འདི་ནི་ཞི་ཅིན་ཕིང་གིས་གཟི་བརྗིད་མཚན་སྙན་ཐོབ་མཁན་མི་སྒེར་དང་ཚན་པའི་འཐུས་མི་དང་ལྷན་དུ་སྐུ་པར་སྒྲོན་བཞིན་པ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཚེས་31ཉིན་ཀྲུང་དབྱང་དམག་ཨུད་ཀྱིས་གཟི་བརྗིད་མཚན་སྙན་སྤྲོད་པའི་མཛད་སྒོ་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གཟི་བརྗིད་མཚན་སྙན་ཐོབ་མཁན་མི་སྒེར་1ལ་གཟེངས་རྟགས་དང་ལག་ཁྱེར་གནང་བ་དང་། གཟི་བརྗིད་མཚན་སྙན་ཐོབ་མཁན་ཚན་པ་3ལ་གཟེངས་བསྟོད་དར་ཆ་གནང་བ་རེད།
     བརྒྱད་གཅིག་ཐོག་བརྩེགས་ཁང་ཆེན་གྱི་མཛད་སྒོ་འཚོག་ཡུལ་དུ་དཔོན་དམག་གི་འཐུས་མི་ཚོས་རུ་སྟར་སྒྲིག་པའི་རྣམ་པ་དེ་རྔམ་བརྗིད་ལྡན་ལ་སྤྲོ་སེམས་འཁོལ་བ་ཞིག་ཡོད། སྔ་དྲོའི་ཆུ་ཚོད་11ཙམ་ལ་གུས་དམག་18གོམ་སྟབས་འགྲིག་པོས་མཛད་སྒོ་འཚོག་སར་ཡོང་བ་དང་། ཁོང་ཚོས་ལག་ཏུ་མེ་མདའ་འཁྱེར་ནས་གཞོགས་གཉིས་སུ་ཡུན་རིང་ལངས་ནས་བསྡད། གཟི་བརྗིད་མཚན་སྙན་སྤྲོད་པའི་མཛད་སྒོ་འགོ་ཚུགས་མ་ཐག་ཚོགས་ར་ཡོངས་སུ་སྐད་གསང་མཐོན་པོས་རྒྱལ་གླུ་བླངས། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཆི་ལེའང་གིས་ཞི་ཅིན་ཕིང་གི་མཚན་རྟགས་བཀོད་པའི་ཀྲུང་དབྱང་དམག་ཨུད་ཀྱི་གཟི་བརྗིད་མཚན་སྙན་སྤྲོད་པའི་བཀའ་རྒྱ་སྒྲོག་སྦྱངས་གནང་བ་དང་། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ་ཡིས་མཛད་སྒོ་གཙོ་སྐྱོང་གནང་བ་རེད།
     “ས་འོག་འབར་མདེལ་སེལ་མཁན་དཔའ་བོ་འཐབ་འཛིང་པའི”གཟི་བརྗིད་མཚན་སྙན་ཐོབ་མཁན་སྐམ་དམག་ས་འོག་འབར་མདེལ་སེལ་བ་དང་འབར་གས་གྲལ་བཤེར་རུ་ཆེན་ཞིག་གི་འཐབ་འཛིང་པ་ཏུའུ་ཧྥུའུ་གོ་བཟའ་ཟླས་སྐྱོར་ནས་སྡིངས་ཆའི་མདུན་དུ་ཡོང་བ་དང་ཞི་ཅིན་ཕིང་གིས་ཁོང་ལ་དཔའ་བོ་དཔེ་བཟང་གི་གཟེངས་རྟགས་བཏགས་པ་དང་ལག་ཁྱེར་གནང་རྗེས་ཁོང་དང་ལྷན་བཞུགས་དྲན་རྟེན་སྐུ་པར་བསྐྱོན་པ་རེད།
     དེ་རྗེས་ཞི་ཅིན་ཕིང་གིས“དམག་དཔུང་སྟོབས་ཆེན་གྱི་གདོང་ལེན་འཕུར་སྐྱོད་རུ་ཆེན”གྱི་གཟི་བརྗིད་མཚན་སྙན་ཐོབ་པའི་མཁའ་དམག་མཁའ་སྐྱོད་དམག་གི་ལུའེ་ཤོག་ཅིག་གི་འཕུར་སྐྱོད་རུ་ཆེན་དང་པོ་དང་། “མཁའ་སྐྱོད་རྒྱལ་ཁབ་དྲིན་གཟོ་དཔེ་བཟང་ས་ངོས་ས་ཚིགས”ཀྱི་གཟི་བརྗིད་མཚན་སྙན་ཐོབ་པའི་དཔུང་སྡེ་63798ཀྱི་ས་ངོས་སྒྲིག་ཆས་ས་ཚིགས། “དམག་འཐབ་ཆེད་དུ་ཚན་ཞིབ་བྱེད་པའི་གདོང་ལེན”གྱི་གཟི་བརྗིད་མཚན་སྙན་ཐོབ་པའི་དཔུང་སྡེ་63837གྱི་ཁང་ཞིག་བཅས་སོ་སོར་གཟེངས་བསྟོད་དར་ཆ་གནང་བ་རེད།