མི་དམངས་དྲ་བ།

༄༅༎ཀྲུང་དབྱང་དམག་ཨུད་ཀྱིས་ཧྲང་ཅང་དམག་དཔོན་གྱི་གོ་ཐོབ་དང་ཉེན་རྟོག་དཔོན་གྱི་གོ་ཐོབ་སྤོར་བའི་མཛད་སྒོ་གཉེར་བ། 
ཞི་ཅིན་ཕིང་གིས་བཀའ་བཀོད་ལག་ཁྱེར་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་02ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཚེས་31ཉིན། ཀྲུང་དབྱང་དམག་ཨུད་ཀྱིས་ཧྲང་ཅང་དམག་དཔོན་གྱི་གོ་ཐོབ་དང་ཉེན་རྟོག་དཔོན་གྱི་གོ་ཐོབ་སྤོར་བའི་མཛད་སྒོ་པེ་ཅིང་བརྒྱད་གཅིག་ཐོག་བརྩེགས་ཁང་ཆེན་དུ་གཟབ་རྒྱས་ངང་འཚོགས་པ་རེད། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཅང་དམག་དཔོན་གྱི་གོ་ཐོབ་དང་ཉེན་རྟོག་དཔོན་གྱི་གོ་ཐོབ་སྤོར་བའི་དམག་དཔོན་དང་ཉེན་རྟོག་དཔོན་ལ་བཀའ་བཀོད་ལག་ཁྱེར་གནང་བ་རེད།
     ཚེས་31ཉིན་གྱི་སྔ་དྲོའི་ཆུ་ཚོད་11དང་སྐར་མ་40ཙམ་ལ་གོ་ཐོབ་སྤོར་བའི་མཛད་སྒོ་དེ་བརྗིད་ཉམས་ལྡན་པའི་རྒྱལ་གླུའི་སྒྲའི་ཁྲོད་འགོ་ཚུགས་ཤིང་། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཆི་ལེའང་གིས་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཚན་རྟགས་བཀོད་པའི་ཧྲང་ཅང་དམག་དཔོན་གྱི་གོ་ཐོབ་དང་ཉེན་རྟོག་དཔོན་གྱི་གོ་ཐོབ་སྤོར་བའི་བཀའ་རྒྱ་སྒྲོག་སྦྱངས་གནང་བ་རེད། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ་ཡིས་གོ་ཐོབ་སྤོར་བའི་མཛད་སྒོ་གཙོ་སྐྱོང་གནང་བ་རེད།
     ད་ཐེངས་ཧྲང་ཅང་དམག་དཔོན་གྱི་གོ་ཐོབ་དང་ཉེན་རྟོག་དཔོན་གྱི་གོ་ཐོབ་འཕར་བའི་དམག་དཔོན་དང་ཉེན་རྟོག་དཔོན་ནང་དམག་ཨུད་གོ་མཚོན་འཕེལ་རྒྱས་པུའི་པུའུ་ཀྲང་ལི་ཧྲང་ཕུའུ་སོགས་མི་10ཡོད་པ་རེད།

  
style="display:none;"