མི་དམངས་དྲ་བ།

༄༅༎《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་བཏོན་པ།
ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་དགོས།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་02ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་1ཉིན། དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་15པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་དགོས》ཞེས་པ་འགོད་རྒྱུ་རེད།
     གསུང་རྩོམ་ནང་ནན་བཤད་གནང་དོན། ལོ་བརྒྱ་ལོན་པའི་ཏང་ཆེན་པོ་ཞིག་ཡིན་པའི་རང་རེའི་ཏང་གིས་ཇི་ལྟར་བྱས་ཏེ་སྔོན་ཐོན་རང་བཞིན་དང་། དྭངས་གཙང་རང་བཞིན། ལང་ཚོའི་གསོན་ཤུགས་བཅས་ནམ་ཡང་མི་ཉམས་པ་བྱ་རྒྱུ་དང་། ཇི་ལྟར་བྱས་ཏེ་མི་དམངས་ཀྱི་གོང་བཀུར་དང་རྒྱབ་སྐྱོར་ནམ་ཡང་ཐོབ་པ་བྱ་རྒྱུ། ཇི་ལྟར་བྱས་ཏེ་ཡུན་རིང་སྲིད་སྐྱོང་ཐུབ་པ་བྱ་རྒྱུ་བཅས་ནི་ང་ཚོས་ངེས་པར་དུ་ལན་ཡག་པོ་འདེབས་དགོས་པ་དང་ཐག་གཅོད་ཡག་པོ་བྱེད་དགོས་པའི་རྩ་བའི་རང་བཞིན་གྱི་གནད་དོན་ཞིག་རེད། རང་རེའི་ཏང་གིས་ཏང་ཡོངས་ཀྱི་བློ་མཐུན་ལ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་དགོས་པའི་བླང་བྱ་བཏོན་པ་དེ་ཏང་ཡོངས་ཀྱི་བློ་མཐུན་ཚོར་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ནི་ཏང་གི་ངོ་བོའི་དགོངས་དོན་དང་། ཕུགས་བསམ་དང་དད་སེམས། འབད་འཐབ་དམིགས་ཚད་བཅས་ཀྱི་གཅིག་སྡུད་མཚོན་ཚུལ་ཞིག་ཡིན་པ་དང་། ཡུན་རིང་སྲིད་སྐྱོང་ཇི་ཙམ་བྱས་པ་དེ་ཙམ་གྱིས་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྗེད་མི་རུང་བ་དང་རང་ངོས་གསར་བརྗེའི་སྙིང་སྟོབས་དེ་ཙམ་གྱིས་ཉམས་མི་རུང་བ། དུས་རབས་གསར་པར་ཏང་གི་རང་ངོས་གསར་བརྗེ་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་བཏང་ནས་ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་སླེབས་པ་དང་། མི་དམངས་ཀྱི་གོང་བཀུར་མཐའ་གཅིག་ཏུ་ཐོབ་པ། རང་ངོས་གསར་བརྗེ་བྱེད་ཕོད་པ། ཚོད་བགམ་སྣ་ཚོགས་ཐེག་ཐུབ་པ། སྙིང་སྟོབས་ཆེར་སྐྱེད་བཅས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་སྲིད་སྐྱོང་ཏང་ཞིག་འཛུགས་སྐྱོང་བྱེད་དགོས་པའི་དྲན་སྐུལ་བྱེད་དགོས།
     གསུང་རྩོམ་ནང་བསྟན་དོན། རང་རེའི་ཏང་ནི་མར་ཁེ་སི་རིང་ལུགས་ཀྱིས་དྲག་ཆས་སྤྲས་པའི་སྲིད་ཏང་ཞིག་ཡིན་པས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་དོན་གཉེར་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་དོན་གཉེར་བྱ་རྒྱུ་དེ་རང་ཉིད་ཀྱི་ཐོག་མའི་བསམ་འདུན་དང་འགན་འཁྲིར་བརྩི་བ་དང་འབྲེལ་ཏང་གི་འབད་འཐབ་ཆ་ཚང་གི་མགོ་ནས་མཇུག་བར་མཚོན་པའང་བྱེད་དགོས། ཏང་གི་ལོ་རྒྱུས་ལ་ཕྱིར་མིག་བལྟས་ཚེ་རང་རེའི་ཏང་འདི་ཉིད་ཧ་ཅང་ཉམས་ཞན་གྱི་གནས་བབ་འོག་རིམ་བཞིན་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་པ་དང་། ཁྲག་དྲི་འཚུབ་འཚུབ་དང་རེ་བ་གང་ཡང་མེད་པའི་ཆ་རྐྱེན་འོག་བསྐྱར་གསོ་ཐུབ་པ། འགག་སྒྲོལ་དཀའ་སེལ་ཁྲོད་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་སྐྱོད་ཐུབ་པ་བཅས་ཀྱི་རྩ་བའི་རྒྱུ་རྐྱེན་ནི་གནས་བབ་བཟང་ངན་གང་ཞིག་འཕྲད་རུང་རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་དོན་གཉེར་བྱེད་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་བྱས་ཏེ་ཕྱིར་བཤོལ་གཏན་ནས་མི་བྱེད་པར་དམིགས་ཚད་དེའི་ཕྱོགས་སུ་མདུན་སྐྱོད་བྱས་པའི་དབང་གིས་མི་དམངས་ཀྱི་སྙིང་དབུས་ནས་གོང་བཀུར་དང་བློ་རྩ་བརྟན་པའི་རྒྱབ་སྐྱོར་ཐོབ་ཡོད།
     གསུང་རྩོམ་ནང་བསྟན་དོན། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བར་ངེས་པར་དུ་རང་ངོས་གསར་བརྗེའི་སྙིང་སྟོབས་ཆེན་པོ་ཡོད་དགོས། རང་ངོས་གཙང་སེལ་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བརྗེ། རང་ངོས་མཐོར་གཏོང་བཅས་ཐད་འབད་བརྩོན་བྱེད་དགོས་ཤིང་། ཏང་གི་རང་ངོས་གསར་བརྗེའི་ལས་འགན་ལྕི་ལ་ལམ་ཐག་རིང་བས་མཚམས་འཇོག་ཙམ་དང་ངལ་གསོ་ཙམ་གྱི་བསམ་བློ་གཏན་ནས་འཆང་མི་རུང་། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི་འགག་རྩ་ནི་གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་པའི་རང་རྟོགས་དང་གྲི་དངོས་ནང་ལ་ཕྱོགས་པའི་དཔའ་བློ་སྟོབས་དགོས་པ་དང་འགག་རྩ་ནི་ཏང་གི་རིམ་ཁག་འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པར་ཐུག་ཡོད།

  
style="display:none;"