འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་1ཉིན།

༄༅།།པཎ་ཆེན་སྐུ་ཕྲེང་དང་པོ་ནས་དགུ་བའི་བར་གྱི་འབྲེལ་ཡོད་དངོས་རིག་གོང་མའི་ཕོ་བྲང་དུ་འགྲེམས་སྟོན་བྱ་རྒྱུ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་01ཉིན། 13:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།པཎ་ཆེན་སྐུ་ཕྲེང་དང་པོ་ནས་དགུ་བའི་བར་གྱི་འབྲེལ་ཡོད་དངོས་རིག་གོང་མའི་ཕོ་བྲང་དུ་འགྲེམས་སྟོན་བྱ་རྒྱུ།
     མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་30ཉིན། གསར་འགོད་པས་གོང་མའི་ཕོ་བྲང་ནས་ཤེས་རྟོགས་བྱུང་གསལ། “བཀྲ་ཤིས་ལྷུན་པོ་དང་གོང་མའི་ཕོ་བྲང་འཕྲད་པ”ཞེས་པའི་རིག་དངོས་འགྲེམས་སྟོན་2019ལོའི་ཟླ་12ནས་2020ལོའི་ཟླ་2པའི་བར་གོང་མའི་ཕོ་བྲང་གི་ཝུའུ་མོན་སྒོ་རུ་སྤེལ་རྒྱུ་རེད། ཐེངས་འདིའི་འགྲེམས་སྟོན་ནི་1925ལོར་གོང་མའི་ཕོ་བྲང་གི་དངོས་མང་བཤམས་སྟོན་ཁང་དབུ་བརྙེས་པ་ནས་བཟུང་ཐེངས་དང་པོར་པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་དང་པོ་ནས་སྐུ་ཕྲེང་དགུ་བའི་བར་དང་། བཀྲ་ཤིས་ལྷུན་པོ་དགོན་བརྗོད་དོན་གཙོ་བོའི་རིག་དངོས་འགྲེམས་སྟོན་བྱ་རྒྱུ་རེད། 
    འགྲེམས་སྟོན་རིག་དངོས་ཁྱོན་220ལྷག་ཡོད་ཅིང་། དེའི་ཁྲོད་དུ་140ནི་གོང་མའི་ཕོ་བྲང་གི་ཡིན་པ་དང་། གཞན་80ལྷག་ནི་བཀྲ་ཤིས་ལྷུན་པོའི་ཡིན། རིག་དངོས་མང་ཆེ་བ་ནི་ཐེངས་དང་པོར་སྤྱི་ཚོགས་ལ་འགྲེམས་སྟོན་བྱས་པ་རེད། རྩ་ཆེ་བའི་ལོ་རྒྱུས་ཀྱི་རིག་དངོས་འདི་དག་ལས་པཎ་ཆེན་སྐུ་ཕྲེང་རིམ་བྱོན་དང་ཆིང་རྒྱལ་རབས་ཀྱི་ཀྲུང་དབྱང་སྲིད་གཞུང་བར་གྱི་རྟེན་འབུལ་ཕོ་ཉ་འགྲོ་འོང་གི་གནས་ཚུལ་མཚོན་ཡོད་ལ། ཟུར་ངོས་ནས་དུས་རབས་17པའི་དུས་སྟོད་ནས་དུས་རབས་18པའི་བར་ཆིང་རྒྱལ་རབས་ཀྱིས་རྒྱལ་ཡོངས་གཅིག་གྱུར་བྱས་པའི་དཀའ་ཚེགས་ཆེ་བའི་གོ་རིམ་ཡང་མཚོན་ཡོད་ཅིང་། དུས་མཚུངས་སུ། འགྲེམས་སྟོན་ནས་ཀྲུང་ཧྭ་རིག་གནས་ཁྲོད་ཀྱི་བཀྲ་ཤིས་པ་དང་དགའ་སྐྱིད་ཚེ་བསོད་ལྡན་པའི་རིག་གནས་ཀྱི་ནང་དོན་འགྲེལ་བཤད་བྱས་ཡོད།  
༄༅།།པཎ་ཆེན་སྐུ་ཕྲེང་དང་པོ་ནས་དགུ་བའི་བར་གྱི་འབྲེལ་ཡོད་དངོས་རིག་གོང་མའི་ཕོ་བྲང་དུ་འགྲེམས་སྟོན་བྱ་རྒྱུ།