༄༅།།དགའ་བའི་སྐོར་བྲོ་འཁྲབ་ནས་རྟ་རྒྱུག་འགྲན་བསྡུར་བསུ།
གསར་འགྱུར་སྤེལ་དུས། 【2019ལོའི་ཟླ་ 08ཚེས་01ཉིན། 13:17】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་30ཉིན། ལི་ཐང་རྫོང་བརྒྱད་གཅིག་རྟ་རྒྱུག་འགྲན་བསྡུར་འགོ་ཚུགས་པ་དང་། སྟོང་གཅིག་ལ་ཉེ་བའི་ཞིང་འབྲོག་མང་ཚོགས་ཀྱིས་རྟ་ཐོག་ནས་ཁ་བཏགས་ལེན་པ་དང་། རྟ་རྒྱུག་མདའ་འཕེན་སོགས་རྟ་རྩལ་འགྲན་བསྡུར་བྱས་ནས། ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་དང་ཡུལ་སྐོར་བ་མང་པོར་མིག་གི་ལོངས་སུ་སྤྱོད་པར་བཅུག་ཡོད། འདི་ནི་ལི་ཐང་རྫོང་གི་རྟ་རྒྱུག་ཐང་དུ་མི་རྣམས་ཀྱིས་རྟ་རྒྱུག་འགྲན་བསྡུར་གྱི་མཛད་སྒོར་སྐོར་བྲོ་འཁྲབ་བཞིན་པ།