འཚོལ་བཤེར།   
藏文频道
2019ལོའི་ཟླ་7ཚེས་30ཉིན།

༄༅།།རང་རྒྱལ་གྱིས་མེ་ཤུགས་འཕུར་མདའི་ཆག་རོ་ལྷུང་ཁུལ་གྱི་བདེ་འཇགས་ཚོད་འཛིན་ལག་རྩལ་ཚོད་
ལྟ་ཐོག་མར་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 07ཚེས་30ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཟླ་7ཚེས་26ཉིན་གྱི་ཆུ་ཚོད་11དང་སྐར་མ་57ཐོག་ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་པ་ཚད་ཡོད་ཀུང་སིའི་ཞིབ་འཇུག་ཁང་དང་པོས་སྤྱི་ཡོངས་ལ་དམ་འཛིན་གྱིས་ཞིབ་བཟོ་བྱས་པའི་རྒྱང་སྐྱོད་ཨང་གཉིས་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ག་པ་ཤིས་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་བདེ་བླག་ངང་འཕེན་གཏོང་བྱས་པ་རེད། ཟླ་7ཚེས་26ཉིན་གྱི་ཆུ་ཚོད་13དང་སྐར་མ་40ཐོག་རྒྱང་སྐྱོད་ཨང་གཉིས་པ་རྟགས་ཅན་གྱི་མེ་ཤུགས་འཕུར་མདའ་ག་པའི་ཡན་ལག་གི་ཆག་རོ་ཀུའེ་ཀྲོའུ་ཆིང་ནན་པུའུ་དབྱི་རིགས་མེའོ་རིགས་རང་སྐྱོང་ཀྲོའུ་ནས་རྙེད་པ་དང་། ལྷུང་ས་དེ་སྔོན་བཀོད་བྱས་པའི་ལྷུང་ཡུལ་ཁྱབ་ཁོངས་སུ་ཡིན་པ་རེད། ད་རེས་མེ་ཤུགས་འཕུར་མདའི་ཡན་ལག་གི་ཆག་རོ་ལྷུང་ས་གནད་འཕིགས་ཚོད་འཛིན་ཐུབ་པ་དེ་ལས་རང་རྒྱལ་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི“ཧྲན་ཀེ་ཐོ་ཁ་འབྱེད་འཕྲུལ་ཆས་ལྷུང་ཁུལ་གྱི་བདེ་འཇགས་ཚོད་འཛིན་ལག་རྩལ”གྱི་ཚོད་ལྟ་ཐོག་མར་ལམ་ལྷོངས་བྱུང་ནས་རང་རྒྱལ་འདི་ཉིད་ཨ་རི་ཕུད་པའི་ལག་རྩལ་དེ་ཁོང་དུ་ཆུད་པའི་རྒྱལ་ཁབ་ཨང་གཉིས་པར་གྱུར་པ་མཚོན་ཡོད།