འཚོལ་བཤེར།   
藏文频道
2019ལོའི་ཟླ་7ཚེས་29ཉིན།

༄༅།།རྨ་བྱའི་རྒྱན་གོས་ཏེ། ལུས་ཐོག་གྱོན་པའི་ལོ་ངོ་སྟོང་གི་ལོ་རྒྱུས།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 07ཚེས་29ཉིན། 13:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།རྨ་བྱའི་རྒྱན་གོས་ཏེ། ལུས་ཐོག་གྱོན་པའི་ལོ་ངོ་སྟོང་གི་ལོ་རྒྱུས།
    མི་དམངས་དྲ་བའི་འཕྲིན། བོད་ལྗོངས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་དུ། ད་བར་ཉར་ཚགས་བྱས་པའི་ཐུན་མིན་ཁྱད་ཆོས་ལྡན་པའི་བོད་ཀྱི་རྒྱན་གོས་ཏེ། སྤུ་ཧྲེང་གི་རྒྱན་གོས་ཡོད། སྤུ་ཧྲེང་གི་རྒྱན་གོས་ལ་ལོ་1000ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཞིང་། དེའི་ཁྲོད་ཀྱི་ཆེས་མཛེས་སྡུག་ལྡན་ཞིང་། ཆེས་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་རྒྱན་གོས་ནི་བུད་མེད་ཀྱི་“རྨ་བྱའི་རྒྱན་གོས”དེ་རེད། སྤུ་ཧྲེང་རྫོང་འཁོར་སྐྱ་གྲོང་ཚོའི་དུད་ཁྱིམ་7གྱིས་མེས་པོའི་ལག་ནས་རྒྱུན་འཛིན་བྱས་པའི་ལོ་ངོ་བརྒྱ་ཕྲག་གི་ལོ་རྒྱུས་ལྡན་པའི་རྒྱན་གོས་ཆ་ཚང་7ཉར་ཚགས་བྱས་ཡོད་ཅིང་། རྒྱན་གོས་ཆ་ཚང་གཅིག་གི་ལྗིད་ཚད་ལ་སྤྱི་རྒྱ་25ཡོད་ཅིང་། དེའི་ཐོག་གསེར་དང་།  དངུལ་། གཡུ། མ་ན་ཧོ་། བྱུ་རུ་། མུ་ཏིག་སོགས་རིན་ཆེན་རིགས་རྒྱན་ཡོད་ཅིང་། དེ་ནས་ལོ་ངོ་མང་པོའི་ལོ་རྒྱུས་ཀྱི་རིན་ཐང་མངོན་གྱི་ཡོད། འདི་ནི་བོད་ལྗོངས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་འཁོར་སྐྱ་གྲོང་ཚོའི་བུད་མེད་རྣམས་ཀྱིས་ལུས་ལ་གནའ་བོའི་རྒྱན་གོས་གྱོན་ནས་མཉམ་དུ་འཛོམས་པ།
【1】  【2】
༄༅།།རྨ་བྱའི་རྒྱན་གོས་ཏེ། ལུས་ཐོག་གྱོན་པའི་ལོ་ངོ་སྟོང་གི་ལོ་རྒྱུས།