འཚོལ་བཤེར།   
藏文频道
2019ལོའི་ཟླ་7ཚེས་23ཉིན།

༄༅༎ནུབ་རྒྱུད་ལྗོངས་ཞིང་ལྔའི་བོད་རིགས་ཞབས་བྲོ་བསང་ཆུ་རྫོང་དུ་འཁྲབ་སྟོན་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 07ཚེས་23ཉིན། 14:03】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎ནུབ་རྒྱུད་ལྗོངས་ཞིང་ལྔའི་བོད་རིགས་ཞབས་བྲོ་བསང་ཆུ་རྫོང་དུ་འཁྲབ་སྟོན་བྱས་པ།
     མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་21ཉིན་གྱི་དགོང་མོར། ནུབ་རྒྱུད་ལྗོངས་ཞིང་ལྔའི་བོད་རིགས་ཞབས་བྲོའི་འཁྲབ་སྟོན་བྱེད་སྒོ་སྐབས་དང་པོ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་དུ་སྤེལ་བ་རེད། མཚོ་སྔོན་དང་། ཀན་སུའུ། བོད་ལྗོངས། སི་ཁྲོན། ཡུན་ནན་བཅས་ལྗོངས་ཞིང་ལྔ་ནས་ཡོང་བའི་ཕུལ་དུ་བྱུང་བའི་ཞབས་བྲོ་འཁྲབ་མཁན་ཚོས་རྣམ་པར་བཀྲ་བའི་མི་རིགས་ཀྱི་རྒྱན་གོས་སྤྲས་ནས་མང་ཚོགས་ལ་གངས་ལྗོངས་ཀྱི་ཐུན་མོང་མ་ཡིན་པའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་དང་ཡུལ་སྲོལ་གོམས་གཤིས་ཞབས་བྲོའི་སྒོ་ནས་འཁྲབ་སྟོན་བྱས་པ་རེད།
【1】  【2】  【3】  【4】  【5】
༄༅༎ནུབ་རྒྱུད་ལྗོངས་ཞིང་ལྔའི་བོད་རིགས་ཞབས་བྲོ་བསང་ཆུ་རྫོང་དུ་འཁྲབ་སྟོན་བྱས་པ།