འཚོལ་བཤེར།   
藏文频道
2019ལོའི་ཟླ་7ཚེས་23ཉིན།

༄༅།།ལིང་ཀྲེན་གཡོད་ཨེས་དྲག་ཤུགས་ཀྱི་དོན་རྐྱེན་ལ་རྒོལ་གཏམ་བཏང་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 07ཚེས་23ཉིན། 13:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་22ཉིན། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལིང་ཀྲེན་གཡོད་ཨེས་ཚེས་22ཉིན་ཤང་ཀང་དུ་བཅའ་སྡོད་ཀྲུང་དབྱང་སྲིད་གཞུང་གི་འབྲེལ་གཏུག་གཞུང་ལས་ཁང་ལ་དྲག་པོའི་གདོང་མཆོང་བྱས་པར་རྒོལ་གཏམ་དྲག་པོ་བཏང་བ་མ་ཟད། ད་དུང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ངེས་པར་དུ་ནན་ཏན་ངང་ཁྲིམས་ལྟར་བདའ་འདེབས་གཏོང་རྒྱུ་ཡིན་པ་བསྟན་པ་རེད།
       ལིང་ཀྲེན་གཡོད་ཨེ་ཡིས་ཚེས་22ཉིན་གྱི་ཕྱི་དྲོར་སྲིད་འཛིན་དཔོན་གྱི་གཞུང་ལས་ཁང་དུ་སྨྱན་སྦྱོར་དང་ཐུག་འཕྲད་བྱེད་སྐབས། ཟླ་7ཚེས་21ཉིན་གྱི་ཁྲོམ་སྐོར་རྗེས་བསྟུད་མར་ཐོན་པའི་དྲག་ཤུགས་ཀྱི་བྱེད་སྤྱོད་གནས་ཚུལ་ལ། དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ངེས་པར་དུ་རྒོལ་གཏམ་དྲག་པོ་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད། ཁོང་མོས། དྲག་སྐྱོད་མི་སྣ་ཁ་ཤས་ཀྱིས་བསམ་ངན་བཅངས་ནས་ཀྲུང་དབྱང་སྲིད་གཞུང་གི་འབྲེལ་གཏུག་གཞུང་ལས་ཐོག་བརྩེགས་ཁང་ལ་གདོང་མཆོང་བྱས་ནས་རྒྱལ་རྟགས་ལ་བཙོག་སྐྱོན་བཏང་བ་དང་། མངོན་སུམ་འཛེམ་མེད་ངང་རྒྱལ་ཁབ་ཀྱི་བདག་དབང་ལ་འགྲན་སློང་བྱེད་པ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་མཐའ་ཚད་ལ་ཕོག་ཐུག་གཏོང་བ། ད་དུང་མི་རིགས་ཀྱི་བརྩེ་དུང་ལ་གནོད་འཚེ་བཏང་ནས་གྲོང་ཁྱེར་ཡོངས་ཁོང་ཁྲོ་ཆེན་པོ་ལངས་བ་བཟོས་ཡོད་ཅེས་བརྗོད་པ་རེད།