འཚོལ་བཤེར།   
藏文频道
2019ལོའི་ཟླ་7ཚེས་23ཉིན།

༄༅༎ལོ་སིའི་ཙུང་ལིས་ཀྲུང་ལོའི་ལྕགས་ལམ་ལང་པོ་ལཱ་པང་མེ་འཁོར་བབས་ཚུགས་ཀྱི་འཛུགས་སྐྲུན་བྱ་ཡུལ་དུ་ལྟ་ཞིབ་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 07ཚེས་23ཉིན། 10:47】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཝན་ཐེན་ནས་ཟླ་7ཚེས་21ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཀྲུང་ལོ་ལྕགས་ལམ་འཛུགས་སྐྲུན་དང་གཉེར་སྐྱོང་བྱེད་འགན་ཁུར་བའི་ཀྲུང་ལོའི་ལྕགས་ལམ་ཚད་ཡོད་ཀུང་སིས་ཚེས་21ཉིན་སྤེལ་བའི་ཆ་འཕྲིན་གཞིར་བཟུང་། ལོ་སིའི་སྲིད་གཞུང་གི་ཙུང་ལི་ཐུང་ལུན་གྱིས་ཉིན་ཤས་གོང་ཚོགས་པའི་རུ་སྣེ་འཁྲིད་དེ་ཀྲུང་ལོ་ལྕགས་ལམ་ལང་པོ་ལཱ་པང་མེ་འཁོར་བབས་ཚུགས་ཀྱི་འཛུགས་སྐྲུན་བྱ་ཡུལ་དུ་ལྟ་ཞིབ་བྱས་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། ཐུང་ལུན་དང་བཅས་པས་ལང་པོ་ལཱ་པང་མེ་འཁོར་བབས་ཚུགས་ཀྱི་འཛུགས་སྐྲུན་བྱ་ཡུལ་དུ་ལྟ་སྐོར་བྱེད་སྐབས་འབྲེལ་ཡོད་ཀྱི་སྙན་སེང་ཉན་པ་དང་འབྲེལ་བབས་ཚུགས་འཛུགས་སྐྲུན་བྱེད་སྐབས་འཕྲད་པའི་དཀའ་གནད་ཀྱང་དྲིས་པ་རེད། ཁོང་གིས་རྣམ་གྲངས་ལ་སྐུལ་འདེད་གཏོང་བའི་མྱུར་ཚད་དང་སྤུས་ཚད་བདེ་འཇགས་དོ་དམ་ཐད་གདེང་འཇོག་གང་ལེགས་བྱས་པ་མ་ཟད། ལོ་ཀྲུང་ལྕགས་ལམ་རྣམ་གྲངས་ཀྱི་ད་ལྟའི་དུས་མཚམས་སུ་ཐོབ་པའི་གྲུབ་འབྲས་ལ་དགའ་ཚོར་བྱུང་ལུགས་བརྗོད་པ་དང་འབྲེལ་རྟེན་འབྲེལ་ཡང་ཞུས་པ་རེད།
     ཐུང་ལུན་གྱིས་ལང་པོ་ལཱ་པང་མེ་འཁོར་བབས་ཚུགས་དུས་བཀག་ལྟར་ལས་མཇུག་འགྲིལ་ཐུབ་མིན་དེ་ལམ་ཐིག་ཧྲིལ་པོའི་ལྕགས་ལམ་ལ་དུས་ཐོག་ཏུ་མེ་འཁོར་ཤར་གཏོང་ཐུབ་མིན་དང་འབྲེལ་བ་ཡོད་པས་དེའི་གལ་ཆེའི་རང་བཞིན་ནི་བརྗོད་མི་དགོས་པ་ཞིག་རེད། ལོ་སིའི་ས་གནས་སྲིད་གཞུང་གིས་ནུས་ཤུགས་ཡོད་རྒུས་ལོ་ཀྲུང་ལྕགས་ལམ་འཛུགས་སྐྲུན་ལས་དོན་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པས་ལོ་ཀྲུང་ལྕགས་ལམ་ཚད་ཡོད་ཀུང་སིས་ཀྱང་ཡང་འབད་བསྐྱར་འབད་ཀྱིས་ལོ་ཀྲུང་ལྕགས་ལམ་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་སྐྲུན་པའི་ལས་གྲྭ་རྩེ་གྲ་ཞིག་ཏུ་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།