འཚོལ་བཤེར།   
藏文频道
2019ལོའི་ཟླ་7ཚེས་19ཉིན།

༄༅།།རྒྱལ་ཡོངས་ཀྱི་མི་འབོར་ཅུང་ཉུང་བའི་མི་རིགས་དབུལ་སྒྲོལ་འགག་སྒྲོལ་ཡོང་བ་བྱས་ནས་འབྱོར་
འབྲིང་ཕྱོགས་སུ་བསྐྱོད་པའི་ཡུལ་དངོས་ཀྱི་སྐུལ་འདེད་ཚོགས་འདུ་ཚོགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 07ཚེས་19ཉིན། 13:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་18ཉིན། རྒྱལ་ཡོངས་ཀྱི་མི་འབོར་ཅུང་ཉུང་བའི་མི་རིགས་དབུལ་སྒྲོལ་འགག་སྒྲོལ་ཡོང་བ་བྱས་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པའི་ཡུལ་དངོས་ཀྱི་སྐུལ་འདེད་ཚོགས་འདུ་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དུ་ཚོགས་པ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་པ་ཐེར་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
   པ་ཐེར་གྱིས་མི་འབོར་ཅུང་ཉུང་བའི་མི་རིགས་ཀྱི་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པའི་གྲུབ་འབྲས་དང་ཉམས་མྱོང་ལ་ཁས་ལེན་གང་ལེགས་བྱས་པ་དང་། “ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་འཆང་”བ་དང་ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་དང་མཆན་བཀོད་མཛུན་སྟོན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་།  "སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”ཐད་ནས་མངོན་གསལ་དོད་པའི་གནད་དོན་ཐག་བཅད་ཡག་པོ་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་དང་ཤང་གྲོང་དར་སྤེལ་གྱི་འཐབ་ཇུས་ཡག་པོ་སྦྲེལ་མཐུད་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་དེ་དུས་རབས་གསར་པའི་མི་རིགས་ལས་དོན་གྱི་ཆེས་མངོན་གསལ་དོད་པའི་གཙོ་ཐིག་ཐོག་དམ་པོར་སྦྲེལ་བ་བྱས་ནས། “བཅུ་བཞི་ལྔ་”ཡི་མི་རིགས་ལས་དོན་གྱི་ཆེད་དོན་འཆར་གཞི་བཟོ་འགོད་ཡག་པོ་བྱས་ཏེ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་ནང་མི་རིགས་གཅིག་ཀྱང་མི་ལུས་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
    ཚོགས་འདུ་ནི་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་གཙོ་གཉེར་བྱས་པ་དང་། འབྲེལ་ཡོད་པུའུ་ཨུད་21དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར།  ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་བཅས་ཀྱི་མི་རིགས་(ཆོས་ལུགས)ཨུ་ཡོན་ལྷན་ཁང་(ཐིང་། ཅུས།)20   རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་ཡོད་པ་རེད།