འཚོལ་བཤེར།   
藏文频道
2019ལོའི་ཟླ་7ཚེས་19ཉིན།

༄༅༎ཀན་སུའུ་ཀན་ལྷོ་ཁུལ་གྱིས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 07ཚེས་19ཉིན། 13:44】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
པར་འདི་ནི་ཉེ་ཆར་པར་ལེན་བྱས་པའི་ཀན་ལྷོའི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཡིན་པ།
པར་འདི་ནི་ཉེ་ཆར་པར་ལེན་བྱས་པའི་ཀན་ལྷོའི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཡིན་པ།
     མི་དམངས་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་འགོ་གསོ་ཡུལ་གལ་ཆེན་ཞིག་ཡིན་ལ། རྩྭ་ཐང་ཐོག་གི་ནོར་ལུག་དང་རི་བོའི་ཁྲོད་ཀྱི་གྲོང་ཚོ་ཆུང་ཆུང་སོགས་ཀྱིས་དེ་གའི་རྣམ་པར་བཀྲག་མདངས་རྒྱས་པར་བྱས།    འོན་ཀྱང་ལོ་མང་རིང་གི་སྐྱས་སྤོས་འཚོ་བ་སྐྱེལ་སྟངས་དང་མི་ཕྱུགས་མཉམ་སྡོད་སོགས་ཀྱི་གནད་དོན་གྱིས་གྲོང་ཚོའི་ཁོར་ཡུག་ཟང་ཟིང་དུ་བསྒྱུར་ཡོད། “ཚོན་མདོག་སྣ་དགུའི་ཤམ་བྷ་ལའི”འོད་གུར་ཕུབ་ཡོད་ཀྱང“ལྟོ་གོས་ལ་དོ་སྣང་བྱེད་པ་ལས་རྣམ་པར་དོ་སྣང་མི་བྱེད་བའི”སྲོལ་རྒྱུན་གོམས་གཤིས་ངན་པས་རྩྭ་ཐང་ཐོག་འཚོ་བའི་གད་སྙིགས་འབོར་ཆེན་ཕུང་གསོག་ཐེབས་ཡོད་པས་མཛེས་སྡུག་ལྡན་པའི་རི་ཆུའི་རྣམ་པ་དེ་ཉམས་སུ་བཅུག་ཡོད།
     ཉེ་བའི་ལོ་ཤས་རིང་། ཀན་ལྷོ་ཁུལ་གྱིས་ཐབས་མང་མཉམ་སྤྱོད་ཀྱིས་ནུས་ཤུགས་ཆེན་པོས་ཁོར་ཡུག་གི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱས་པ་དང་། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་བྱ་སྤྱོད་སྤེལ་བར་སྐུལ་འདེད་བཏང་བས། “ས་ཁོངས་ཧྲིལ་པོའི་ཡུལ་སྐོར་བྱེད་ཡུལ་ལ་གད་སྙིགས་མེད་པ་”བཟོ་རྒྱུ་དམ་འཛིན་བྱ་གཞིར་རྩིས་ནས། རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་བས། ཡུལ་སྐོར་ལས་རིགས་འཕེལ་རྒྱས་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་མངོན་འགྱུར་བྱུང་བ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་གཏོད་ཡོད་པས། ཞིང་འབྲོག་མང་ཚོགས་ཀྱིས“རི་ལ་བརྟེན་ནས་ལྟོ་ཟ་བ”ནས“རི་བོ་སྲུང་སྐྱོང་བྱེད་པར”གྱུར་ཡོད་པ་རེད།
【1】  【2】
པར་འདི་ནི་ཉེ་ཆར་པར་ལེན་བྱས་པའི་ཀན་ལྷོའི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཡིན་པ།
པར་འདི་ནི་ཉེ་ཆར་པར་ལེན་བྱས་པའི་ཀན་ལྷོའི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཡིན་པ།