འཚོལ་བཤེར།   
藏文频道
2019ལོའི་ཟླ་7ཚེས་19ཉིན།

༄༅༎རྒྱལ་ཁབ་ཕྱི་ནང་གི་མཁས་དབང་གིས་བརྗོད་དོན། ཀྲུང་གོའི་འཕེལ་རྒྱས་ནི་འཛམ་གླིང་བརྟན་ལྷིང་ཡོང་བའི་རྨང་རྡོ་ལྟ་བུ་ཡིན།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 07ཚེས་19ཉིན། 10:18】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། “ཀྲུང་གོའི་འཕེལ་རྒྱས་ནི་དངོས་འབྲེལ་འཛམ་གླིང་གི་གོ་སྐབས་ཆེན་པོ་ཞིག་ཡིན། གོ་སྐབས་དེ་ཀྲུང་གོའི་ཁྱབ་ཁོངས་ཁག་གི་འཕེལ་རྒྱས་ནང་ད་དུང་སྔར་བས་ཆེ་རུ་འགྲོ་ངེས་ཡིན་པ་རེད། ཀྲུང་གོའི་འཕེལ་རྒྱས་ནི་འཛམ་གླིང་ཡོངས་བརྟན་ལྷིང་ཡོང་བའི་རྨང་རྡོ་ལྟ་བུ་ཡིན”ཞེས་ཐེ་ལན་གྱི་རྒྱལ་ཁབ་ཞིབ་འཇུག་ལས་འཛིན་ལྷན་ཚོགས་ཀྱི་དྲུང་ཆེ་སུང་སི་ཝེ་ལའེ་ཡིས་བཤད།
     “ཀྲུང་གོའི་འཕེལ་རྒྱས། འཛམ་གླིང་གི་གོ་སྐབས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཀྲུང་གོ་སྤྱི་ཚོགས་ཚན་རིག་གླེང་སྟེགས་ཀྱི་ལོ་ཚོགས་དེ་ཉེ་ཆར་པེ་ཅིང་དུ་འཚོགས་པ་དང་རྒྱལ་ཁབ་ཕྱི་ནང་གི་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་བརྗོད་དོན་གཙོ་བོར་དམིགས་ནས་གཏམ་བཤད་དང་གྲོས་བསྡུར་བྱས་པ་རེད། “ཀྲུང་གོའི་གྲུབ་འབྲས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དོ་ཁུར་ཐོབ་པ་དང་ཆབས་ཅིག་རྒྱལ་སྤྱིའི་ཐོག་མིག་དཔེ་ཧ་ཅང་ཡག་པོ་བསྟན་ཡོད”ཅེས་སུང་སི་ཝེ་ལའེ་ཡིས་བཤད་པ་རེད།
     ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པ་ཀའོ་ཞང་གིས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70སོང་རིང་ཀྲུང་གོའི་འཕེལ་རྒྱས་དེ་ཐོག་མཐའ་བར་གསུམ་དུ་སོ་སོའི་རྒྱལ་བབ་དང་ལག་ལེན་ལ་གཞི་བཙུགས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་བཏོད་པ་དང་། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་ལོ་བརྒྱ་ཕྲག་བསྐྱོད་པའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཉིད་ལོ་བཅུ་ཕྲག་གི་དུས་ཚོད་སྤྱད་ནས་འཕེལ་རྒྱས་ཡོང་བ་བྱས་པས་འཕེལ་རྒྱས་ཀྱི་ངོ་མཚར་བཏོད་ཡོད་ཅེས་བརྗོད་པ་རེད།
     སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40སོང་རིང་། ཀྲུང་གོའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལྡབ་22.8འཕར་བ་དང་། མི་འབོར་དབུལ་པོ་དུང་ཕྱུར་7.4ཉུང་དུ་སོང་བ། ཀྲུང་གོ་ཉིད་འཛམ་གླིང་གི་བཟོ་ལས་རྒྱལ་ཁབ་དང་ཚོང་ཟོག་ཉོ་ཚོང་རྒྱལ་ཁབ་ཆེ་གྲས་ཨང་དང་པོར་གྱུར་ནས་ལོ་མང་རིང་འཛམ་གླིང་གི་དཔལ་འབྱོར་འཕར་བའི་ཐད་ལེགས་སྐྱེས་འབུལ་ཚད་30%ལས་བརྒལ་བ་དང་། གོ་ལ་ཧྲིལ་པོའི་འཕར་ཚད་ཀྱི་སྒུལ་ཤུགས་གལ་ཆེན་དུ་གྱུར་ཡོད།
     “‘རྒྱུད་གཅིག་ལམ་གཅིག’གི་གྲོས་འགོ་དེ་ང་ཚོའི་ངོས་ནས་བཤད་ན་དོན་སྙིང་ཆེན་པོ་ལྡན་པའི་རྣམ་གྲངས་ཀྱི་གྲས་ཤིག་ཡིན”ཞེས་ཡུག་རེན་གྱི་ཁེ་ཝིའི་གཞུང་བཙུགས་ཀེ་ལི་ཆིན་ཁོ་སློབ་ཆེན་གྱི་ཤར་ཕྱོགས་ཚན་ཁག་གི་ཀྲུའུ་རེན་དབྱི་ཝན·སའེ་སྨི་ཉི་སི་ཐེས་བཤད་ཅིང་། ཁོང་གིས། ཡུག་རེན་གྱིས་ཀྲུང་གོ་དང་མཉམ་ལས་ཀྱི་གོ་སྐབས་སྔར་བས་མང་བ་འཚོལ་བཞིན་ཡོད། “ད་ལོ་ཡུག་རེན་གྱི་མཐོ་སློབ་7གྱིས་ཀྲུང་གོའི་རིག་གནས་དང་འབྲེལ་བའི་གསོ་སྦྱོང་བྱས་ཡོད། 2018ལོའི་སློབ་བསྡུའི་ནང་ང་ཚོའི་སློབ་གྲྭའི་སློབ་མ་3164ཡིས་རྒྱ་ཡིག་སྦྱོང་བའི་རེ་འདུན་ཞུས་པ་དེ་ན་ནིང་ལས་ལྡབ་གཉིས་ཀྱིས་མང་བ་ཡོད”ཅེས་བཤད་པ་རེད།
     ལོ་27གྱི་གོང་སུང་སི་ཝེ་ལའེ་རྒྱལ་སྤྱིའི་རྩ་འཛུགས་ཀྱི་སྨན་པའི་ངོས་ནས་ཀྲུང་གོར་ཐེངས་དང་པོ་འཚམས་འདྲིར་ཡོང་བ་དང་། ད་ཐེངས་ནི་ཁོང་ཀྲུང་གོར་ཡོང་ཐེངས་ལྔ་པ་ཡིན། ཁོང་གི་སྐད་ཆ་ལྟར་བཤད་ན། ཀྲུང་གོའི་འཕེལ་རྒྱས“བསམ་ཚོད་ལས་འདས་པ་ཞིག་རེད”
     ཁོང་གིས“འཕེལ་རྒྱས་འདི་ལྟ་བུ་ནི་འགོ་ཁྲིད་ཀྱི་སྟོབས་ཤུགས་ཆེན་པོ་དང་། དཀའ་སྤྱད་ཀྱི་ངལ་རྩོལ། ཀྲུང་གོའི་འགོ་ཁྲིད་པ་དང་ཀྲུང་གོའི་དམངས་ཚོགས་ཀྱི་བློ་སེམས་གཅིག་འབྲེལ་བཅས་ལས་བྱུང་བ་ཡིན། ཀྲུང་གོས་ད་ཆ་གོམ་སྟབས་རྗེས་མའི་འགྲུལ་བཞུད་ལམ་བུར་བསྐྱོད་པའི་གྲ་སྒྲིག་བྱས་ཟིན་པར་བརྟེན། ང་ཚོས་ཀྲུང་གོའི་འཕེལ་རྒྱས་ཀྱི་ཉམས་མྱོང་ལ་སྔར་བས་སློབ་སྦྱོང་བྱེད་འདོད་ཡོད”ཅེས་བརྗོད་པ་རེད།