འཚོལ་བཤེར།   
藏文频道
2019ལོའི་ཟླ་7ཚེས་19ཉིན།

༄༅༎“2019ལོའི་ཀྲུང་ཧྥའི་རིག་གནས་ཤུལ་བཞག་ཉིན་མོའི”བྱེད་སྒོ་ཕ་རི་སིར་སྤེལ་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 07ཚེས་19ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཕ་རི་སི་ནས་ཟླ་7ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཚེས་16ཉིན། “2019ལོའི་ཀྲུང་ཧྥའི་རིག་གནས་ཤུལ་བཞག་ཉིན་མོའི”བྱེད་སྒོ་ཕ་རི་སིར་གནས་པའི་ཧྥ་རན་སེའི་གནའ་ཤུལ་ཡིན་པའི་ཤང་ཧྲུའུ་མང་མཁར་རྫོང་དུ་སྤེལ་བ་དང་། ཀྲུང་གོའི་ཁྲུང་ཆིང་འཐུས་མི་ཚོགས་པས་ཉ་འཛིན་གྲོང་གི་རྗེས་ཤུལ་འཛམ་གླིང་རིག་གནས་ཤུལ་བཞག་ནང་འཇུག་རྒྱུའི་གནས་ཚུལ་ངོ་སྤྲོད་ལ་ཚོགས་ཞུགས་རིགས་གཅིག་མཁས་ཅན་དང་སྐུ་མགྲོན་ཚོའི་ཡིད་དབང་བཀུག་པ་རེད།
     ད་ཐེངས་ཀྱི་བྱེད་སྒོ་འདི་ཀྲུང་གོ་རིག་དངོས་སྤེལ་རེས་ལྟེ་གནས་དང་། ཁྲུང་ཆིང་གྲོང་ཁྱེར་ཧོ་ཁྲོན་ཆུས་སྲིད་གཞུང་། ཁྲུང་ཆིང་གྲོང་ཁྱེར་རིག་གནས་ཤུལ་བཞག་ཞིབ་འཇུག་ཁང་བཅས་ཀྱིས་གཙོ་གཉེར་བྱས་པ་དང་། ཧྥ་ཀྲུང་རིག་གནས་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཉེར་འགན་ཁུར་བ་ཞིག་ཡིན་པ་རེད། དེའི་གྲས་སུ་ཁྲུང་ཆིང“ཉ་འཛིན་གྲོང་གི་རྗེས་ཤུལ”འོས་སྦྱོར་དང་། “རྒྱལ་སྤྱིའི་རིག་གནས་ཤུལ་བཞག་དང་རྗེས་ཤུལ”ཆེད་ལས་གླེང་སྟེགས་སོགས་ཀྱི་ནང་དོན་ཚུད་ཡོད། བྱེད་སྒོས་ཧྥ་རན་སེའི་རྒྱལ་ཁབ་ཀྱི་གནའ་ཤུལ་གྲགས་ཅན་ལྟེ་གནས་དང་། རྒྱལ་སྤྱིའི་གནའ་ཤུལ་དང་རྗེས་ཤུལ་ལས་འཛིན་ལྷན་ཚོགས། ཧྥ་རན་སེའི་ཕ་རི་སིའི་ཁུལ་ཆེན་གྱི་སྣོད་བཅུད་ཁོར་ཡུག་འཆར་འགོད་སྡེ་ཚན། ཧྥ་རན་སེའི་ཤུལ་བཞག་གི་གསར་འགོད་པའི་མཐུན་ཚོགས་སོགས་སྒྲིག་གཞིའི་རིགས་གཅིག་མཁས་ཅན་དང་མཁས་དབང་གདན་ཞུ་བྱས་ཡོད་པ་རེད།
     ཁྲུང་ཆིང་གྲོང་ཁྱེར་གྱི་འཐུས་མི་ཚོགས་པས་ཉ་འཛིན་གྲོང་གི་རྗེས་ཤུལ་འཛམ་གླིང་རིག་གནས་ཤུལ་བཞག་ནང་རེ་ཞུའི་གནས་ཚུལ་སྐོར་སྐུ་མགྲོན་ཚོར་ངོ་སྤྲོད་བྱས་པ་རེད། ཉ་འཛིན་གྲོང་གི་རྗེས་ཤུལ་ནི་ད་བར་ཀྲུང་གོའི་རྒྱལ་ནང་དུ་ཉར་ཚགས་ཡག་ཤོས་བྱུང་བའི་གནའ་བོའི་དམག་འཐབ་ཀྱི་རྗེས་ཤུལ་གྲས་ཤིག་ཡིན་པ་དང་། འདི་ནི་འཛམ་གླིང་ཐོག་གི་རི་ཁུལ་དམག་དོན་འགོག་སྲུང་མ་ལག་དང་ཐང་འཐབ་མཁར་རྫོང་སྐྲུན་པའི་ལག་རྩལ་ལྡན་པའི་དཔེ་མཚོན་ཞིག་ཀྱང་ཡིན། ཁྲུང་ཆིང་གྲོང་ཁྱེར་གྱིས་2008ལོར་ཉ་འཛིན་གྲོང་གི་རྗེས་ཤུལ་རེ་ཞུའི་ལས་དོན་དངོས་སུ་སྤེལ་འགོ་ཚུགས་པ་དང་། ཉ་འཛིན་གྲོང་གི་རྗེས་ཤུལ་ཀྱང་2012ལོར《ཀྲུང་གོའི་འཛམ་གླིང་རིག་གནས་ཤུལ་བཞག་གི་གྲ་སྒྲིག་མིང་གཞུང》ནང་བཅུག་པ་རེད།