འཚོལ་བཤེར།   
藏文频道
2019ལོའི་ཟླ་7ཚེས་19ཉིན།

༄༅༎“སི་ལ་ཧྥུ་པ་ཀྲའི”རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་མཇུག་འགྲིལ་བ། ཀྲུང་གོའི་རྩལ་རྩེད་ཚོགས་པ་དང་གཞས་པ་ཞུགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 07ཚེས་19ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་བྷེ་ཨུ་རུ་སུའི་གྲོང་ཁྱེར་ཝེ་ཅེ་པུ་སི་ཁེ་ནས་ཟླ་7ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཚེས་16ཉིན་གྱི་ཐོ་རེངས་སུ“སི་ལ་ཧྥུ་པ་ཀྲའི”རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་སྐབས་28པ་བྷེ་ཨུ་རུ་སུའི་བྱང་ཕྱོཌ་གྲོང་ཁྱེར་ཝེ་ཅེ་པུ་སི་ཁེ་རུ་མཇུག་འགྲིལ་བ་རེད། སྐབས་འདིའི་སྒྱུ་རྩལ་དུས་ཆེན་ཐོག་རྒྱལ་ཁབ་42ཀྱི་འཐུས་མི་ཞུཌ་ཡོད་པ་དང་། ཀྲུང་གོའི་རྩལ་རྩེད་ཚོགས་པ་དང་གཞས་པ་སྒྱུ་རྩལ་དུས་ཆེན་ནང་ཞུགས་པ་རེད།
     “སི་ལ་ཧྥུ་པ་ཀྲའི”རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་1992ལོར་བཙུཌ་པ་དང་། ལོ་ལྟར་གྱི་ཟླ་བདུན་པའི་ཟླ་དཀྱིལ་དུ་ཝེ་ཅེ་པུ་སི་ཁེ་གྲོང་ཁྱེར་དུ་འཚོགས་ཀྱི་ཡོད། མིག་སྔར་རང་བཙན་རྒྱལ་ཁབ་མཉམ་འབྲེལ་སྒྲིག་གཞིའི་ས་ཁུལ་དང་ཡོ་རོབ་ཤར་མའི་རྒྱལ་ཁབ་ཏུ་སྐད་གྲཌ་ཆོད་པའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་གྱི་གྲས་ཤིག་ཡིན། སྐབས་འདིའི་སྒྱུ་རྩལ་དུས་ཆེན་ནི་ཚེས་11ཉིན་གྱི་དགོང་མོ་འགོ་ཚུགས་པ་རེད།