འཚོལ་བཤེར།   
藏文频道
2019ལོའི་ཟླ་7ཚེས་18ཉིན།

༄༅༎ཡུན་ནན་བདེ་ཆེན་ནས་2019ལོའི་སེམས་ཀྱི་ཉི་ཟླའི་བེ་ཤ་དུས་ཆེན་འཚོགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 07ཚེས་18ཉིན། 14:04】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཏེ་ཧྲང་ཧུའེ་དང་བདེ་ཆེན་ཁུལ་བེ་ཤ་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་2019ལོའི་སེམས་ཀྱི་ཉི་ཟླའི་བེ་ཤ་དུས་ཆེན་ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་གཉེར་འགོ་འཚུགས་ལ། སྲིད་གཞུང་སྡེ་ཚན་དང་ཁེ་ལས་སོགས་ཀྱི་སྐུ་མགྲོན་200ལྷག་ཙམ་འགོ་ཚུགས་མཛད་སྒོར་ཞུགས་ཡོད་པ་རེད། 
     ངོ་སྤྲོད་བྱས་པར་གཞིགས་ན། བདེ་ཆེན་ཞེས་པའི་མིང་དེ་བོད་སྐད་དུ་བཀྲ་ཤིས་པའི་ས་ཆ་ཞེས་པའི་དོན་ཡིན་ལ། དེ་གར་བརྗིད་ཆགས་གངས་རི་དང་འཁྱགས་ཀླུང་། མཛེས་སྡུག་ལྡན་པའི་མཚེའུ་དང་སྤང་ལྗོངས། ངོ་མཚར་བའི་མི་རིགས་ཀྱི་ཆོས་ལུགས་དང་རིག་གནས། མཛེས་སྡུག་ལྡན་པའི་གླུ་གར་དུས་ཆེན། རྩེར་སོན་པའི་མི་རིགས་ཀྱི་བཟོ་རྩལ་སོགས་ཡོད་པ་རེད། 
     ད་ཐེངས་ཀྱི་བེ་ཤའི་དུས་ཆེན་ཟླ་བ་གསུམ་རིང་སྤེལ་རྒྱུ་ཡིན་ལ། འགོ་ཚུགས་མཛད་སྒོའི་ཐོག་སེམས་ཀྱི་ཉི་ཟླའི“བེ་ཤའི་རྒྱལ་པོ”དེ་མཐར་ཚོང་པ་ཞིག་གིས་སྒོར་9999ཡི་རིན་གོང་ཐོག་ནས་ཉོས་པ་རེད། 
     བདེ་ཆེན་ཁུལ་གྱི་ཁུལ་དཔོན་གཞོན་པ་ཁྲེང་ཕུང་གིས་འབྱུང་འགྱུར་བེ་ཤས་སྨྱན་བྱེད་དང། ཏེ་ཧྲང་ཧུའེ་ཡུན་ནན་གྱི་ཆེད་རྫས་བཅོ་བརྒྱད་སྟེགས་བུ་བྱེད་པ། གནད་འཁེལ་དབུལ་སྐྱོར་བྱ་རྒྱུ་རྒྱུ་རྐྱེན་གཙོ་བོར་བྱེད་པ། སེམས་ཀྱི་ཉི་ཟླའི་བེ་ཤ་ཐོན་ཡུལ་གྱི་བེ་ཤ་ཐོན་རྫས་དམ་འཛིན་བྱ་གཞིར་བྱེད་པ་བཅས་བྱས་ནས་འབྲེལ་ཡོད་ལས་དོན་ནུས་ཤུགས་ཡོད་རྒུས་སྤེལ་རྒྱུ་ཡིན་ཞེས་བཤད།